ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་གིས་ལྗང་མདོག་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་མིང་བྱང་གསར་པ་བསྐྲུན་པ།

“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན།”མི་རྣམས་ཀྱིས་ནམ་མཁའ་སྔར་ལས་དྭངས་ཤིང་ཆུ་མོ་སྔར་ལས་གཙང་བ་དང་། ས་གཞི་སྔར་ལས་ལྗང་བ་མཐོང་སྐབས། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་ཐབས་ཀྱི་བཀག་རྒྱ་ལས་བརྒལ་བའི་བྱེད་སྟངས་ཀྱིས་ཐོན་ལས་ལེགས་སྒྱུར་རིམ་སྤར་བདེ་བླག་གིས་མངོན་འགྱུར་བྱུང་བ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་དམིགས་འབེན་གྱི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་པ་ར་སྤྲོད་བྱས་ཡོད།