ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

ཧྲི་ཐའེ་ཧྥེང་།
ཧུའུ་ཁྲུན་ཧྭ།
ཧྲེན་ཡུའེ་ཡུའེ།
ཝང་ཡུང་།
ཀྲོའུ་ཆང་།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།
ཧོ་ཧོའུ་ཧྭ།
ལིའང་ཀྲེན་ཡིང་།
པ་ཐེར།
སུའུ་ཧུའེ།
ཧྲའོ་ཧུང་།
ཀའོ་ཡུན་ལུང་།
ཞན་ཧུའེ།
ཁྲེན་ཝུའུ།
མུའུ་ཧུང་།
ཝང་ཏུང་ཧྥེང་།
ཅང་ཞིན་ཀྲི།
ཅང་ཙུའོ་ཅུན།
ཧོ་པའོ་ཞང་།
ཝང་ཀོང་ཆན།
ཆིན་པོ་ཡུང་།
ཀྲུའུ་ཡུང་ཞིན།
དབྱང་ཀྲེན།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

ཧྲི་ཐའེ་ཧྥེང་གི་ལོ་རྒྱུས་མདོར་བསྡུས།

ཧྲི་ཐའེ་ཧྥེང་། ཕོ། རྒྱ་རིགས། 1956ལོའི་ཟླ9པར་སྐྱེས། ཧྲན་ཞི་ཡུས་ཧྲེ་ཡི་མི་ཡིན། 1974ལོའི་ཟླ5པར་བྱ་བར་ཞུགས། 1982ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། པེ་ཅིན་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་གི་ཁྲིམས་ལུགས་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད་ལ། དགེ་རྒན་ཆེན་མོ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད།

ཧུའུ་ཁྲུན་ཧྭ་ཡི་ལོ་རྒྱུས་མདོར་བསྡུས།

ཧྭའུ་ཁྲུན་ཧྭ། ཕོ། རྒྱ་རིགས། 1963ལོའི་ཟླ4པར་སྐྱེས། ཧུའུ་པེ་ཝུའུ་ཧྥེང་གི་མི་ཡིན། 1983ལོའི་ཟླ8པར་བྱ་བར་ཞུགས། 1983ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། པེ་ཅིན་སློབ་ཆེན་རྒྱ་ཡིག་སྡེ་ཁག་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

ཧྲེན་ཡུའེ་ཡུའེ་ཡི་ལོ་རྒྱུས་མདོར་བསྡུས།

ཧྲེན་ཡུའེ་ཡུའེ། མོ། རྒྱ་རིགས། 1957ལོའི་ཟླ1པར་སྐྱེས། ཀྲེ་ཅང་ཉིང་པོ་ཡི་མི་ཡིན། 1977ལོའི་ཟླ5པར་བྱ་བར་ཞུགས། 1981ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

ཝང་ཡུང་གི་ལོ་རྒྱུས་མདོར་བསྡུས།

ཝང་ཡུང་། ཕོ། རྒྱ་རིགས། 1955ལོའི་ཟླ12པར་སྐྱེས། ལིའོ་ཉིང་ཀའེ་ཀྲོའུ་ཡི་མི་ཡིན། 1969ལོའི་ཟླ8པར་བྱ་བར་ཞུགས། 1974ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧར་པིན་བཟོ་ལས་སློབ་ཆེན་གྱི་ལག་རྩལ་དཔལ་འབྱོར་བཟོ་སྐྲུན་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད་ལ། ཞིབ་འཇུག་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

ཀྲོའུ་ཆང་གི་ལོ་རྒྱུས་མདོར་བསྡུས།

ཀྲོའུ་ཆང་། ཕོ། རྒྱ་རིགས། 1960ལོའི་ཟླ4པར་སྐྱེས། ཧུའུ་པེ་ཧོང་མེ་ཡི་མི་ཡིན། 1976ལོའི་ཟླ8པར་བྱ་བར་ཞུགས། 1978ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་ཞིབ་འཇུག་སློབ་མའི་སློབ་གླིང་དམངས་ཁྲིམས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།

འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཕོ། བོད་རིགས། 1940ལོའི་ཟླ2པར་སྐྱེས། སི་ཁྲོན་ལི་ཐང་གི་མི་ཡིན་ལ། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

ཧོ་ཧོའུ་ཧྭ་ཡི་ལོ་རྒྱུས་མདོར་བསྡུས།

ཧོ་ཧོའུ་ཧྭ། ཕོ། རྒྱ་རིགས། 1955ལོའི་ཟླ3པར་ཨོ་མོན་ནས་སྐྱེས། ཀོང་ཏུང་ཧྥན་ཡུས་ཀྱི་མི་ཡིན། ཁ་ན་ཏ་ཡུའེ་ཁོ་སློབ་ཆེན་བཟོ་ཚོང་དོ་དམ་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

ལིའང་ཀྲེན་ཡིང་གི་ལོ་རྒྱུས་མདོར་བསྡུས།

ལིའང་ཀྲེན་ཡིང་། ཕོ། རྒྱ་རིགས། 1954ལོའི་ཟླ8པར་སྐྱེས། ཧྲན་ཏུང་ཝེ་ཧའེ་ཡི་མི་ཡིན། དབྱིན་ཇིའི་པུའུ་ལི་སི་ཐུའོ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་ནས་མཐར་ཕྱིན། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

པ་ཐེར་གྱི་ལོ་རྒྱུས་མདོར་བསྡུས།

པ་ཐེར། ཕོ། སོག་རིགས། 1955ལོའི་ཟླ2པར་སྐྱེས། ལིའོ་ཉིང་ཁང་ཕིང་གི་མི་ཡིན། 1973ལོའི་ཟླ1པར་བྱ་བར་ཞུགས། 1981ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

སུའུ་ཧུའེ་ཡི་ལོ་རྒྱུས་མདོར་བསྡུས།

སུའུ་ཧུའེ། མོ། རྒྱ་རིགས། 1956ལོའི་ཟླ5པར་སྐྱེས། ཐའེ་ཝན་ཐའེ་ནན་གྱི་མི་ཡིན། ཐའེ་ཝན་མནའ་མཐུན་ཚོགས་པའི་ཁོངས་མི་དང་ཀྲུང་གུང་ཏང་ཡོན་ཡིན། 1975ལོའི་ཟླ7པར་བྱ་བར་ཞུགས། ཀྲུང་དབྱང་ནོར་སྲིད་དངུལ་རྩ་སློབ་གླིང་ནོར་སྲིད་སྡེ་ཁག་ནོར་སྲིད་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་ལ། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། མཐོ་རིམ་རྩིས་གཉེར་པ་ཆེན་མོ་ཡིན།

ད་ལྟ་ཀྲུང་གུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། ཐའེ་ཝན་མནའ་མཐུན་ཚོགས་པའི་ཀྲུང་དབྱང་ཀྲུའུ་ཞི་ཡི་འགན་བཞེས་ཡོད།

ཧྲའོ་ཧུང་གི་ལོ་རྒྱུས་མདོར་བསྡུས།

ཧྲའོ་ཧུང་། ཕོ། རྒྱ་རིགས། 1957ལོའི་ཟླ11པར་སྐྱེས། ལིའོ་ཉིང་ཀའེ་ཀྲོའུ་ཡི་མི་ཡིན། དགུ་གསུམ་སློབ་ཚོགས་ཀྱི་ཁོངས་མི་ཡིན། 1975ལོའི་ཟླ11པར་བྱ་བར་ཞུགས། ནན་ཁའེ་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་ཀྲུང་གོའི་གནའ་རབས་ལོ་རྒྱུས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ཅིང་། དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

ཀའོ་ཡུན་ལུང་གི་ལོ་རྒྱུས་མདོར་བསྡུས།

ཀའོ་ཡུན་ལུང་། ཕོ། རྒྱ་རིགས། 1958ལོའི་ཟླ12པར་སྐྱེས། ཧྲན་ཏུང་ལའེ་ཝུའུ་ཡི་མི་ཡིན། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཁོངས་མི་ཡིན། 1985ལོའི་ཟླ5པར་བྱ་བར་ཞུགས། ཆིན་ཧྭ་སློབ་ཆེན་རྫས་འགྱུར་བཟོ་ལས་ཚན་ཁག་རྫས་འགྱུར་བཟོ་ལས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ཅིང་། མཐོ་རིམ་བཟོ་སྐྲུན་པ་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་དམངས་ཁྲོད་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས་ཡོད།

ཁྲེན་ཝུའུ་ཡི་ལོ་རྒྱུས་མདོར་བསྡུས།

ཁྲེན་ཝུའུ། ཕོ། ཀྲོང་རིགས། 1954ལོའི་ཟླ11པར་སྐྱེས། ཀོང་ཞི་ཁྲུང་ཙུའོ་ཡི་མི་ཡིན། 1972ལོའི་ཟླ10པར་བྱ་བར་ཞུགས། 1975ལོའི་ཟླ2པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་ཞིབ་འཇུག་པ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

མུའུ་ཧུང་གི་ལོ་རྒྱུས་མདོར་བསྡུས།

མུའུ་ཧུང་། ཕོ། རྒྱ་རིགས། 1956ལོའི་ཟླ12པར་སྐྱེས། ལིའོ་ཉིང་ཏ་ལེན་གྱི་མི་ཡིན། 1976ལོའི་ཟླ3པར་བྱ་བར་ཞུགས། 1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།ཀྲུང་དབྱང་ནོར་སྲིད་དངུལ་རྩའི་སློབ་གླིང་དངུལ་རྩ་ཚན་ཁག་དངུལ་རྩ་ཆེད་ལས་ནས་མཐར་ཕྱིན།སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དཔལ་འབྱོར་པ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་།ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་རྒྱུན་ལྡན་བྱ་བར་དོ་དམ་བྱེད་པའི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད།

ཞན་ཧུའེ་ཡི་ལོ་རྒྱུས་མདོར་བསྡུས།

ཞན་ཧུའེ། མོ། ཧུའེ་རིགས། 1958ལོའི་ཟླ3པར་སྐྱེས། ཀན་སུའུ་ཏིང་ཞི་ཡི་མི་ཡིན།1975ལོའི་ཟླ3པར་བྱ་བར་ཞུགས། 1976ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ལན་ཀྲོའུ་སློབ་ཆེན་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་སྡེ་ཁག་ནས་མཐར་ཕྱིན།ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

ཝང་ཏུང་ཧྥེང་གི་ལོ་རྒྱུས་མདོར་བསྡུས།

ཝང་ཏུང་ཧྥེང་། ཕོ། རྒྱ་རིགས། 1958ལོའི་ཟླ2པར་སྐྱེས། ཧྲའན་ཞི་ཞི་ཨན་གྱི་མི་ཡིན། 1981ལོའི་ཟླ7པར་བྱ་བར་ཞུགས། 1980ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད་ལ། མཐོ་རིམ་དཔལ་འབྱོར་པ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་ཡོད།

ཅང་ཞིན་ཀྲི་ཡི་ལོ་རྒྱུས་མདོར་བསྡུས།

ཅང་ཞིན་ཀྲི། ཕོ། རྒྱ་རིགས། 1958ལོའི་ཟླ2པར་སྐྱེས། ཀན་སུའུ་ཏུན་ཧོང་གི་མི་ཡིན། 1974ལོའི་ཟླ2པར་བྱ་བར་ཞུགས། 1980ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ལན་ཀྲོའུ་སློབ་ཆེན་མཚན་མོའི་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་།ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་ལྡན་བྱ་བར་དོ་དམ་བྱེད་པའི་པུའུ་ཀྲང་གཞོན་པའི་འགན་བཞེས་ཡོད།

ཅང་ཙུའོ་ཅུན་གྱི་ལོ་རྒྱུས་མདོར་བསྡུས།

ཅང་ཙུའོ་ཅུན། ཕོ། རྒྱ་རིགས། 1955ལོའི་ཟླ7པར་སྐྱེས། ཨན་ཧུའེ་ཧོའེ་ཉིང་གི་མི་ཡིན། ཀྲི་ཀུང་ཏང་གི་ཁོངས་མི་ཡིན། 1974ལོའི་ཟླ3པར་བྱ་བར་ཞུགས། ནན་ཅིན་གསོ་རིག་སློབ་གླིང་རྨང་གཞིའི་གསོ་རིག་པུའུ་གཞན་བརྟེན་སྲིན་འབུ་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་གསོ་རིག་འབུམ་རམས་པའི་བསླབ་གནས་བླངས་ཡོད་ལ།དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་།ཀྲི་ཀུང་ཏང་གི་ཀྲུང་དབྱང་ཀྲུའུ་ཞི་ཡི་འགན་བཞེས་ཡོད།

ཧོ་པའོ་ཞང་གི་ལོ་རྒྱུས་མདོར་བསྡུས།

ཧོ་པའོ་ཞང་། ཕོ། རྒྱ་རིགས། 1963ལོའི་ཟླ4པར་སྐྱེས། ཧུའུ་ནན་ཡུའེ་དབྱང་གི་མི་ཡིན། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན།1982ལོའི་ཟླ7པར་བྱ་བར་ཞུགས། ཀྲུང་ནན་སློབ་ཆེན་དོ་དམ་ཚན་རིག་དང་བཟོ་འགོད་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱད་རིམ་ལྡན་ལ།དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་པ་དང་།མཐོ་རིམ་བཟོ་འགོད་པ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། གོ་མིན་ཏང་གསར་བརྗེ་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

ཝང་ཀོང་ཆན་གྱི་ལོ་རྒྱུས་མདོར་བསྡུས།

ཝང་ཀོང་ཆན། ཕོ། རྒྱ་རིགས། 1962ལོའི་ཟླ4པར་སྐྱེས། ཧོ་ནན་ཀྲེན་ཕིང་གི་མི་ཡིན།དམངས་གཙོའི་མནའ་མཐུན་ཚོགས་པའི་ཁོངས་མི་ཡིན། 1989ལོའི་ཟླ12པར་བྱ་བར་ཞུགས། ཆིན་ཧྭ་སློབ་ཆེན་ཆུ་བེད་ཆུ་གློག་བཟོ་འགོད་ཚན་ཁག་གི་ཆུ་ཤུགས་རིག་པ་དང་རྒྱུག་ཆུའི་སྒུལ་ཤུགས་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ལ།དགེ་རྒན་ཆེན་མོ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་།དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

ཆིན་པོ་ཡུང་གི་ལོ་རྒྱུས་མདོར་བསྡུས།

ཆིན་པོ་ཡུང་། མོ། རྒྱ་རིགས། 1964ལོའི་ཟླ11པར་སྐྱེས། ཧོ་པེ་ཡུང་ཆིན་གྱི་མི་ཡིན། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཁོངས་མི་ཡིན།1986ལོའི་ཟླ7པར་བྱ་བར་ཞུགས། པེ་ཅིན་སློབ་ཆེན་ཁྲིམས་ལུགས་ཚན་ཁག་ཉེས་ཁྲིམས་རིག་པའི་ཆེད་ལས་ནས་མཐར་ཕྱིན།ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རྩིས་བཤེར་ཁྲུའུ་ཡི་རྩིས་བཤེར་མགོ་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

ཀྲུའུ་ཡུང་ཞིན་གྱི་ལོ་རྒྱུས་མདོར་བསྡུས།

ཀྲུའུ་ཡུང་ཞིན། ཕོ། རྒྱ་རིགས། 1958ལོའི་ཟླ8པར་སྐྱེས། ཅང་སུའུ་ཡན་ཁྲེང་གི་མི་ཡིན། དམངས་གཙོ་ཡར་སྐུལ་ཚོགས་པའི་ཁོངས་མི་ཡིན། 1976ལོའི་ཟླ5པར་བྱ་བར་ཞུགས། ཐུང་ཅི་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དོ་དམ་བཟོ་འགོད་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ལ། དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

དབྱང་ཀྲེན་གྱི་ལོ་རྒྱུས་མདོར་བསྡུས།

དབྱང་ཀྲེན། ཕོ། རྒྱ་རིགས། 1961ལོའི་ཟླ11པར་སྐྱེས། ཅང་སུའུ་ཁྲང་ཀྲོའུ་ཡི་མི་ཡིན། ཞིང་བཟོ་ཏང་གི་ཁོངས་མི་ཡིན།1983ལོའི་ཟླ7པར་བྱ་བར་ཞུགས། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གློག་རྡུལ་ཆ་འཕྲིན་སློབ་གླིང་གི་འཕྲིན་གཏོང་དང་ཆ་འཕྲིན་མ་ལག་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་།བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ལ།དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་། ཞིང་བཟོ་ཏང་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།