ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལམ་འཕྲད་ཐེངས་གཅིག བདག་སྐྱོང་ཚེ་གཅིག

——གེ་སར་རྟ་རྫི་དང་སྲུང་སྐྱོབ་པ་ཕུར་བུའི་གཏམ་རྒྱུད།

ད་ལོར་ལོ་ན60ལ་སོན་པའི་ཕུར་བུ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་རེད།

1990ལོ་ནས་ད་རག་བར་དུ་ཕུར་བུས་བདག་སྐྱོང་ས་ཁུལ་དུ་ལས་ཀ་བསྒྲུབས་ནས་ལོ་ངོ33ཕྱིན་ཡོད། ཁོ་ནི་བདག་སྐྱོང་ས་ཁུལ་གྱི་མིང་དོན་མཚུངས་པའི“རྒན་པ”ཞིག་ཡིན་པར་མ་ཟད། བདག་སྐྱོང་ས་ཁུལ་གྱི་གེ་སར་རྟ་རྫིའི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན།

ཕུར་བུས་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། ཐེངས་དང་པོར་གེ་སར་རྟ་རྫི་དང་ལས་ཀྱིས་འབྲེལ་བའི་དུས་དེ་ནི་ཁོ་རང་བྱ་བར་ཞུགས་རྗེས་ཀྱི་ཟླ་བ་དང་པོ་ཡིན། ཉིན་དེར་ཁོ་དང“འཐབ་གྲོགས”གཞན་ཞིག་གིས་ནམ་རྒྱུན་དང་འདྲ་བར་རོང་པོ་མཚེའུ་ཡི་ཉེ་འགྲམ་དུ་སྐོར་སྲུང་བྱེད་སྐབས། གློ་བུར་དུ་འདབ་ཆགས་ཤིག་གིས་སྐད་ཅོར་རྒྱག་བཞིན་པའི་སྒྲ་ཞིག་རྣ་ལམ་དུ་ཐོས་པས་ཁོ་གཉིས་ཀྱིས་མཉམ་འཇོག་བྱས་ལ། དེ་ནས་བྱ་སྐད་ལ་མཉན་བཞིན་འཚོལ་བར་ཕྱིན་པ་ན། གེ་སར་རྟ་རྫི་ཞིག་ལྕགས་རར་དཀྲིས་ནས་ས་ཐོག་ཏུ་འགྱེལ་ཡོད་པ་མཐོང་བས། ཁོ་གཉིས་ཀྱིས་མགྱོགས་མྱུར་ངང་རྨས་ཕོག་པའི་གེ་སར་རྟ་རྫི་དེ་བདག་སྐྱོང་ས་ཚིགས་སུ་འཁྱེར་ནས་སྐྱོབ་བཅོས་བྱས།

ཕུར་བུས་བཤད་རྒྱུར།“གེ་སར་རྟ་རྫིའི་སྲོག་བསྐྱབས་ཐུབ་སོང་མོད།འོན་ཀྱང་རྨས་སྐྱོན་ཕོག་པའི་གཤོག་པ་རྦད་དེ“བརླགས”འདུག་པ་དེ་ཡི་ཐོག་ནས་དུས་དེ་ནས་བཟུང་གེ་སར་རྟ་རྫི་དེ་ཁྱུ་ཚོགས་དང་མཉམ་དུ་གནས་སྤོ་མི་ཐུབ་ལ་ཕྱི་རོལ་དུ་འཚོ་གནས་བྱེད་པའི་ནུས་པ་ཡང་མེད་པ་མཚོན་གྱིན་ཡོད།”

དེ་བས་གེ་སར་རྟ་རྫི་དེ་བདག་སྐྱོང་ས་ཚིགས་སུ“ཁྱིམ་གཞིས་ཆགས་པ”རེད། ཟླ་ངོ་འགའ་ལ་ཕུར་བུས་ལྟ་སྐྱོང་ཞིབ་མོ་བྱས་པ་བརྒྱུད་གེ་སར་རྟ་རྫིའི་རྨས་སྐྱོན་རིམ་གྱིས་སླར་གསོ་བྱུང་ནའང་ཡང་བསྐྱར་དཀའ་ངལ་ཞིག་ལ་འཕྲད་བྱུང་།

ཕུར་བུས་བཤད་རྒྱུར། “ལོ་རབས90པར་ང་ཚོ་བདག་སྐྱོང་ས་ཚིགས་ཀྱི་ཟླ་གཅིག་གི་འགྲོ་གྲོན་སྒོར300ཡིན་མོད། འོན་ཀྱང་གེ་སར་རྟ་རྫི་འདི་ཁོ་ནའི་ཟླ་གཅིག་གི་གཟན་ཆས་ལ་འགྲོ་གྲོན་སྒོར500ལྷག་དགོས།”

བདག་སྐྱོང་ས་ཚིགས་ཀྱི་ཁུར་བོ་ཇེ་ལྗིད་དུ་མི་གཏོང་བའི་ཆེད། ཕུར་བུས་རང་ཉིད་སྒེར་གྱིས་གེ་སར་རྟ་རྫི་གསོ་རྒྱུའི་འགན་བླངས། དུས་དེ་ནས་བཟུང་། ཕུར་བུ་རང་ཉིད་ཀྱིས་ཁ་ཟས་ཅི་ཞིག་ཟོས་ན་གེ་སར་རྟ་རྫིས་ཀྱང་དེ་ཟ་བཞིན་ཡོད། ཕུར་བུས་རྒྱུན་དུ་གེ་སར་རྟ་རྫི་ལ་ལྟ་བཞིན“བློ་བདེ་བར་གྱིས། ང་ལ་ཟ་རྒྱུ་ཁམ་གང་ཡོད་ན། ཁྱེད་ལའང་ཟ་རྒྱུ་ཁམ་གང་ཡོད”ཅེས་བཤད་པ་རེད།

རྣམ་རིག་ལྡན་པའི་གེ་སར་རྟ་རྫི་དེ་རིམ་གྱིས་ཕུར་བུའི“གྲོགས་པོ”ཞིག་ཏུ་གྱུར། ཕུར་བུས“ང་ཚོ་དགའ་བའི་དུས་སུ། གེ་སར་རྟ་རྫིའང་དགའ་ནས་བྲོ་གར་འཁྲབ་ཅིང་། བྱ་སྐད་སྒྲོག་པ་དང་། ནམ་རྒྱུན་གེ་སར་རྟ་རྫི་སྲུང་སྐྱོབ་ཁུལ་དུ་འཁྱེར་ནས་འགུལ་སྐྱོད་བྱེད་དུ་བཅུག་པ་ཡིན། ང་གང་དུ་སོང་ན་གེ་སར་རྟ་རྫི་ཡང་ངའི་རྗེས་འབྲངས་ནས་ཡོང་གིན་འདུག”ཅེས་བཤད།

ལོ་ཟླ་ནི་བྱ་འཕུར་བ་བཞིན་རྒྱང་དུ་བཞུད་ཟིན། 2010ལོར་ཡུས་ཧྲུའུ་རུ་ས་ཡོམ་འབྱུང་སྐབས་གེ་སར་རྟ་རྫི་གཞི་ནས་ཕུར་བུ་དང་ཁ་བྲལ་སོང་།

ཕུར་བུས་བཤད་རྒྱུར། “འདི་ནི་ང་རང་ཐེངས་དང་པོར་གེ་སར་རྟ་རྫི་དང“སྟེས་དབང་གིས་འཕྲད་པ”ཡིན་ལ། ཕར་བལྟས་ཚོད་ལ་འདབ་ཆགས་དེ་ནི་ཅི་འདྲའི“མཛེས་པ”ལ། ལོ་ངོ་བཅུའི་རིང་འགྲོགས་འདྲིས་བྱུང་བ་ལས་ང་ཚོ་ནི་ཕན་ཚུན་གྱི་གྲོགས་པོ་ཡག་ཤོས་ཤིག་ཏུ་གྱུར་སོང་།”

དེའི་རྗེས་སུ། ཕུར་བུས་ད་དུང་གེ་སར་རྟ་རྫི་མང་པོ་ཞིག་བསྐྱབས་མྱོང་ཡོད། ཁོས་བཤད་རྒྱུར།“ངས་མི་ཚེ་གང་བོར་གེ་སར་རྟ་རྫི་རྣམས་ལ་སྲུང་སྐྱོབ་བྱེད་འདོད་ཡོད།”