ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འཐབ་ལམ་གསར་པར་བྱས་རྗེས་འཇོག འབད་བརྩོན་ཆེན་པོས་མ་འོངས་སྙེག

རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་སྟེང་རང་ཞིང་གི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་རང་འཁྲིའི་ལས་འགན་ནན་བསྟར་བྱས་པའི་གནས་ཚུལ་ལ་ཕྱིར་རྟོག་བྱེད་པ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་རྗེས།མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཁའི་ངང་མཇུག་བསྒྲིལ།གྲོས་ཚོགས་ཀྱི་སྐབས་སུ།རང་ཞིང་གི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་གཙིགས་སུ་འཛིན་པ་དང་།སྤྱི་ཡོངས་ལ་གཞིགས་པ།དམངས་གཙོ་གཙིགས་སུ་འཛིན་པ།སྒྲིག་ཁྲིམས་བརྩི་སྲུང་བྱེད་པ།མཐུན་སྦྱོར་རོགས་རེས་གཙོར་འཛིན་པ་བཅས་བྱས་ཏེ།ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཤིང་།ཚད་ལྡན་གྱི་རྒྱུགས་ལན་ལེགས་པར་སྤྲད་དེ།ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་མཚོན་ཡོད།འཐུས་མི་དང་ཨུ་ཡོན་ཚང་མས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”བརྩི་སྲུང་བྱེད་ཅིང་།བློ་ཐག་རྦད་ཆོད་ཀྱིས“སྲུང་སྐྱོང་གཉིས”ལེགས་སྒྲུབ་བྱས་ཏེ།ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་མངག་བཅོལ་འདུ་ཤེས་ལ་བརྟེན་ནས།བྱ་བའི་སྙན་ཞུ་སོ་སོ་དང་འབྲེལ་ཡོད་བཅའ་ཁྲིམས་ལ་གྲོས་ཞིབ་དང་ཞིབ་བཤེར་བྱས་པ་དང་།རང་ཞིང་གི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་དང་སེམས་གཏམ་མངོན་པར་མཚོན་ཞིང་།ཁྱད་འཕགས་ཀྱི་འདེམ་ཤོག་རེ་རེ་འཕངས་ཏེ།ཁྲིམས་ལྟར་འགན་སྒྲུབ་དང་དམངས་ཀྱི་ཆེད་དུ་འགན་བསྟར་བྱེད་པའི་བྱ་སྤྱོད་དངོས་ཀྱིས་གཟི་བརྗིད་ལྡན་པའི་མངག་བཅོལ་ལག་ལེན་དུ་བསྟར་ཡོད།