ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོའི་ལོ་རྒྱུས་མདོར་བསྡུས།

ལི་ཧུང་ཀྲུང་།
ཝང་ཏུང་མིང་།
ཞའོ་ཅེ།
ཀྲེང་ཅན་པང་།
ཏིང་ཀྲུང་ལི།
ཧའོ་མིང་ཅིན།
ཚའེ་ཏ་ཧྥེང་།
ཧོ་ཝེ།
ཝུའུ་ཝེ་ཧྭ།
ཐིའེ་ཉིང་།
ཕེང་ཆིང་ཧྭ།
ཀྲང་ཆིང་ཝེ།
བློ་བཟང་རྒྱལ་མཚན།
ཞུའེ་ཁོ་ལའེ་ཐི·ཀྲ་ཁོ་ཨེར།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོའི་ལོ་རྒྱུས་མདོར་བསྡུས།

ལི་ཧུང་ཀྲུང་གི་ལོ་རྒྱུས་མདོར་བསྡུས།

ལི་ཧུང་ཀྲུང་། ཕོ། རྒྱ་རིགས། 1956ལོའི་ཟླ8པར་སྐྱེས། ཧྲན་ཏུང་ཁྲང་ལེའི་མི་ཡིན། 1975ལོའི་ཟླ8པར་བྱ་བར་ཞུགས། 1976ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཅི་ལིན་སློབ་ཆེན་ལོ་རྒྱུས་སྡེ་ཁག་ལོ་རྒྱུས་རིག་པའི་ཆེད་ལས་ནས་མཐར་ཕྱིན། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དཔལ་འབྱོར་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་ཡོད།

ཝང་ཏུང་མིང་གི་ལོ་རྒྱུས་མདོར་བསྡུས།

ཝང་ཏུང་མིང་། ཕོ། རྒྱ་རིགས། 1956ལོའི་ཟླ7པར་སྐྱེས། ལིའོ་ཉིང་ཁོན་ཏེན་གྱི་མི་ཡིན། 1975ལོའི་ཟླ8པར་བྱ་བར་ཞུགས། 1975ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

ཞའོ་ཅེ་ཡི་ལོ་རྒྱུས་མདོར་བསྡུས།

ཞའོ་ཅེ། ཕོ། རྒྱ་རིགས། 1957ལོའི་ཟླ6པར་སྐྱེས། ལིའོ་ཉིང་ཁའེ་ཡོན་གྱི་མི་ཡིན། 1976ལོའི་ཟླ3པར་བྱ་བར་ཞུགས། 1985ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ནོར་སྲིད་པུའུ་ནོར་སྲིད་ཚན་རིག་ཞིབ་འཇུག་སུའོ་ཡི་ནོར་སྲིད་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ལ། དཔལ་འབྱོར་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་ཡོད།

ཀྲེང་ཅན་པང་གི་ལོ་རྒྱུས་མདོར་བསྡུས།

ཀྲེང་ཅན་པང་། ཕོ། རྒྱ་རིགས། 1957ལོའི་ཟླ1པར་སྐྱེས། ཧུའུ་ནན་ཧྲི་མོན་གྱི་མི་ཡིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན། 1976ལོའི་ཟླ8པར་བྱ་བར་ཞུགས། བྱང་ཤར་དགེ་འོས་སློབ་ཆེན་ཆབ་སྲིད་སློབ་གསོ་སྡེ་ཁག་གི་དཔལ་འབྱོར་རིག་པའི་ཆེད་ལས་ནས་མཐར་ཕྱིན། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་ཀྲུའུ་ཞིའི་འགན་བཞེས་ཡོད།

ཏིང་ཀྲུང་ལིའི་ལོ་རྒྱུས་མདོར་བསྡུས།

ཏིང་ཀྲུང་ལི། ཕོ། རྒྱ་རིགས། 1957ལོའི་ཟླ1པར་སྐྱེས། ཀྲེ་ཅང་ཧྲེང་ཀྲོའུ་ཡི་མི་ཡིན། ཀྲུང་གོ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཁོངས་མི་ཡིན། 1988ལོའི་ཟླ8པར་བྱ་བར་ཞུགས། ཀྲུང་གོ་ཚན་རིག་གླིང་ས་རྒྱུ་ཞིབ་འཇུག་སུའོ་ཡི་གནའ་བོའི་སྐྱེ་དངོས་རིག་པ་དང་ས་རིམ་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། རྩ་བའི་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། ཞིབ་འཇུག་པ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཀྲུང་དབྱང་ཀྲུའུ་ཞིའི་འགན་བཞེས་ཡོད།

ཧའོ་མིང་ཅིན་གྱི་ལོ་རྒྱུས་མདོར་བསྡུས།

ཧའོ་མིང་ཅིན། ཕོ། རྒྱ་རིགས། 1956ལོའི་ཟླ12པར་སྐྱེས། ཧྲན་ཏུང་ཅ་ཞང་གི་མི་ཡིན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཁོངས་མི་ཡིན། 1971ལོའི་ཟླ12པར་བྱ་བར་ཞུགས། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་ཞུ་གཏུག་བཅའ་ཁྲིམས་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུའུ་ཞི། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས་ཡོད།

ཚའེ་ཏ་ཧྥེང་གི་ལོ་རྒྱུས་མདོར་བསྡུས།

ཚའེ་ཏ་ཧྥེང་། ཕོ། རྒྱ་རིགས། 1960ལོའི་ཟླ6པར་སྐྱེས། ཀྲེ་ཅང་ཉིང་པོ་ཡི་མི་ཡིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཁོངས་མི་ཡིན། 1985ལོའི་ཟླ7པར་བྱ་བར་ཞུགས། ཐུང་ཅི་སློབ་ཆེན་བཟོ་སྐྲུན་སྡེ་ཁག་གི་བཟོ་སྐྲུན་ལོ་རྒྱུས་དང་གཞུང་ལུགས་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུའུ་ཞིའི་འགན་བཞེས་ཡོད།

ཧོ་ཝེ་ཡི་ལོ་རྒྱུས་མདོར་བསྡུས།

ཧོ་ཝེ། ཕོ། རྒྱ་རིགས། 1955ལོའི་ཟླ12པར་སྐྱེས། ཧེ་ལུང་ཅང་ཧར་པིན་གྱི་མི་ཡིན། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་ཁོངས་མི་ཡིན། 1975ལོའི་ཟླ12པར་བྱ་བར་ཞུགས། འཇར་མན་ཧའེ་ཏེ་པའོ་སློབ་ཆེན་གཞུང་ལུགས་གསོ་རིག་སྡེ་ཁག་གི་རིམས་ཐར་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། གསོ་རིག་འབུམ་རམས་པའི་བསླབ་གནས་བླངས་ཡོད། དགེ་རྒན་ཆེན་མོ་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་ཀྲུའུ་ཞིའི་འགན་བཞེས་ཡོད།

ཝུའུ་ཝེ་ཧྭ་ཡི་ལོ་རྒྱུས་མདོར་བསྡུས།

ཝུའུ་ཝེ་ཧྭ། ཕོ། རྒྱ་རིགས། 1956ལོའི་ཟླ9པར་སྐྱེས། ཧྲན་ཞི་ཞའོ་དབྱི་ཡི་མི་ཡིན། དགུ་གསུམ་སློབ་ཚོགས་ཀྱི་ཁོངས་མི་ཡིན། 1974ལོའི་ཟླ12པར་བྱ་བར་ཞུགས། ཨ་རིའི་ཞིན་ཙེ་ཞི་མངའ་སྡེའི་སློབ་ཆེན་རྩི་ཤིང་ཚན་རིག་སྡེ་ཁག་གི་རྩི་ཤིང་ཚན་རིག་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། རྩ་བའི་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། དགེ་རྒན་ཆེན་མོ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དགུ་གསུམ་སློབ་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད།

ཐིའེ་ཉིང་གི་ལོ་རྒྱུས་མདོར་བསྡུས།

ཐིའེ་ཉིང་། མོ། རྒྱ་རིགས། 1957ལོའི་ཟླ9པར་སྐྱེས། ཧོ་པེ་ཀྲའོ་ཞན་གྱི་མི་ཡིན། 1975ལོའི་ཟླ7པར་བྱ་བར་ཞུགས། 1975ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། མཐོ་འབྲིང་གི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། རིམ་པ་དང་པོའི་རྩོམ་རིག་གསར་རྩོམ་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

ཕེང་ཆིང་ཧྭ་ཡི་ལོ་རྒྱུས་མདོར་བསྡུས།

ཕེང་ཆིང་ཧྭ། ཕོ། རྒྱ་རིགས། 1957ལོའི་ཟླ4པར་སྐྱེས། ཧུའུ་པེ་ཏ་ཡེ་ཡི་མི་ཡིན། 1974ལོའི་ཟླ8པར་བྱ་བར་ཞུགས། 1976ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་ཧྲན་སློབ་ཆེན་ཁེ་ལས་དོ་དམ་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། ཞིབ་འཇུག་པ་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་ཡོད།

ཀྲང་ཆིང་ཝེ་ཡི་ལོ་རྒྱུས་མདོར་བསྡུས།

ཀྲང་ཆིང་ཝེ། ཕོ། རྒྱ་རིགས། 1961ལོའི་ཟླ11པར་སྐྱེས། ཧོ་པེ་ལའོ་ཐིང་གི་མི་ཡིན། 1982ལོའི་ཟླ8པར་བྱ་བར་ཞུགས། 1992ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ནུབ་བྱང་བཟོ་ལས་སློབ་ཆེན་གནམ་གྲུ་སྡེ་ཁག་གི་གནམ་གྲུ་ཇུས་འགོད་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། ཞིབ་འཇུག་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།

བློ་བཟང་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།

བློ་བཟང་རྒྱལ་མཚན། ཕོ། བོད་རིགས། 1957ལོའི་ཟླ7པར་སྐྱེས། བོད་ལྗོངས་བྲག་གཡབ་ཀྱི་མི་ཡིན། 1976ལོའི་ཟླ2པར་བྱ་བར་ཞུགས། 1978ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།

ཞུའེ་ཁོ་ལའེ་ཐི·ཀྲ་ཁོ་ཨེར་གྱི་ལོ་རྒྱུས་མདོར་བསྡུས།

ཞུའེ་ཁོ་ལའེ་ཐི·ཀྲ་ཁོ་ཨེར། ཕོ། ཡུ་གུར་རིགས། 1953ལོའི་ཟླ8པར་སྐྱེས། ཞིན་ཅང་དབྱི་ཉིང་གི་མི་ཡིན། 1970ལོའི་ཟླ12པར་བྱ་བར་ཞུགས། 1985ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་གུང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་།མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་ཡོད།

ལིའུ་ཆི་ཡི་ལོ་རྒྱུས་མདོར་བསྡུས།

ལིའུ་ཆི། ཕོ། རྒྱ་རིགས། 1957ལོའི་ཟླ9པར་སྐྱེས། ཧྲན་ཏུང་དབྱི་ཧྲུའེ་ཡི་མི་ཡིན། 1974ལོའི་ཟླ3པར་བྱ་བར་ཞུགས། 1976ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། མཐོ་རིམ་བཟོ་སྐྲུན་པ་ཡིན།

ད་ལྟ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་བཞེས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།