ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པར་རིས་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།ཞི་ཅིན་ཕིང་།
ཟླ3པའི་ཚེས10ཉིན། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དང་། ཞི་ཅིན་ཕིང་ལ་འདེམ་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས། འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་ལ་དམ་བཅའ་འབུལ་བཞིན་པའི་ཚུལ་རེད། ཞིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།པར་ངོས2པར་གསལ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་སྐབས་གསར་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་འདེམས་བསྐོ་བྱས།

ཞི་ཅིན་ཕིང་ལ་འདེམ་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་རུ་བདམས།

ཀྲའོ་ལེ་ཅི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས།

ཧན་ཀྲེང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས།

གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་རྩ་ཁྲིམས་ལ་དམ་བཅའ་བཞག གྲོས་ཚོགས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་གྲོས་གཞིར་ཆོག་མཆན་བཀོད།