ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་འཚོགས་པ།

ཁྲེན་ཀང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས་གཉིས་གྲོས་ཚོགས་སུ་ཞུགས། ཝང་དབྱང་གིས་བྱ་བའི་སྙན་ཞུ་ཕུལ།

ཟླ་དང་པོའི་ཚེས13ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་འཚོགས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་བྱ་བའི་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། 2022ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་སྤྱི་སྡོམ་བྱས་ལ། 2023ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་མགོ་གཙོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་བྱང་ལ《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འགན་སྲུང་བཀན་མོ་འདོན་སྤྲོད་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ། ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན32ཞུགས་པ་དང་མི71ཟུར་ཞུགས་བྱས།

ཁྲེན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མིག་རྒྱང་ཡངས་ཤིང་ཐུགས་དགོངས་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ལ། རྣམ་བཤད་གནད་ལ་ཁེལ་བ་དང་། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་གཏད་རང་བཞིན་བཅས་དྲག་པོ་ལྡན་པས། དེ་ནི་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏོང་བའི་གཞི་རྩའི་བསྲུང་བྱ་ཡིན་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་པོར་སྒྲུབ་པར་གཞི་རྩའི་མཛུབ་སྟོན་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་པར་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པའི་ལོ་བཅུའི་ནང་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་སེལ་བའི་བྱེད་ཐབས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བའི་ལས་འགན་གལ་ཆེན། གཟབ་ནན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྤྱོད་བསྲང་སྒྲིག་གཅུན་ཇེ་དྲག་ཏུ་གཏོང་བའི་ཁྲིད་ཕྱོགས་གསལ་པོ། བློ་ཐག་རྦད་ཆོད་སྒོས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཐད་ནས་གྲུབ་འབྲས་གསར་པ་ལེན་པའི་འགན་འཁྲི་དང་ལས་འགན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་དུ་སྐད་ཅིག་ཙམ་ཡང་མ་བསྡད་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་འགན་སྲུང་བཀན་མོ་འདོན་སྤྲོད་བྱེད་དགོས།

ཁྲེན་ཀང་གིས་ན་ནིང་རང་ཞིང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ནས་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། དོགས་ཟོན་ནན་མོ་དང་གནས་པའི་གནད་དོན་ལ་ནན་ཏན་སྒོས་བསམ་གཞིག་གཏོང་བ་དང་། “ནམ་ཡང་ལམ་དུ་ཡོད་པ་གཉིས”ཀྱི་ཆབ་སྲིད་རང་རྟོགས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དམ་དུ་དམིགས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དང་དམ་དུ་སྦྲེལ་ཏེ། ལས་གནས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། བྱ་བ་གཙོ་བོ། ལས་རིམ་གཙོ་བོའི་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ལྟ་སྐུལ་དེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཁྲིད་པའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་འགོག་རགས་རྒྱུན་མཐུད་སྒོས་སྲ་བརྟན་དུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་ས་ཁུལ་རང་བཞིན་དང་ལས་རིགས་རང་བཞིན། དུས་རིམ་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། ཡོངས་ཁྱབ་ཏུ་འབྱུང་བ་དང་བསྐྱར་དུ་འབྱུང་བའི་གནད་དོན་དམ་འཛིན་བྱེད་དགོས་ལ། གཅིག་བསྡུས་སྒོས་ཆེད་དོན་དག་ཐེར་ལེགས་བཅོས་འགུལ་སྐྱོད་སྤེལ་བ་དང་། དངོས་སུ་འགུལ་བ་དང་སྲ་མོར་སྒུལ་ཐུབ་པ་དང་དངོས་གཉེར་ཕན་འབྲས་ཐོབ་པར་བྱས་ནས། ལས་བྱེད་པར་སྔར་ལས་ཁག་ཁུར་དང་བྱས་འབྲས་ཡོད་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ། སྒྲིག་ལམ་སྒྲིག་སྲོལ་གསལ་པོར་འཛུགས་པ་དང་དེ་གཟབ་ནན་དུ་གཏོང་དགོས་ལ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དབང་ཟིལ་རང་བཞིན་དང་ལག་བསྟར་ནུས་པ་ཇེ་ཆེར་གཏོང་བ་དང་། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ལམ་བཅས་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ལམ་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་དོ་དམ་ནན་མོ་བྱེད་པ་དང་ཚོད་འཛིན་ལ་སྐུལ་ལྕག་གཏོང་བ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ལམ་བརྩི་སྲུང་བྱེད་པའི་བསམ་བློའི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། “རུལ་སུངས་མི་བྱེད་པ་གསུམ”ལ་མཉམ་དུ་སྐུལ་འདེད་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པའི་ཐད་བསྟུད་མར་གནོན་ཤུགས་སྟེར་བ་དང་རུལ་སུངས་བྱེད་མི་ཐུབ་པ་གཏིང་ཟབ་ཏུ་རྒྱ་བསྐྱེད་པ། རུལ་སུངས་བྱེད་མི་འདོད་པ་སྲ་བརྟན་དང་མཐོར་འདེགས་བྱེད་པ་དང་། འདི་གསུམ་ལ་དུས་མཚུངས་སུ་ཤུགས་འདོན་པ་དང་ཁ་ཕྱོགས་གཅིག་ལ་ཤུགས་འདོན་པ། ཕྱོགས་བསྡུས་ཀྱིས་ཤུགས་འདོན་པ། དམིགས་ཡུལ་ཡོད་པའི་སྒོ་ནས་ལམ་ལུགས་ཀྱི་ཞན་ཆ་ཁ་སྐོང་བྱས་ཏེ། བསླད་སྐྱོན་ཐེབས་པ་བཀག་འགོག་དང་འགྱུར་ལྡོག་བྱུང་བ་སྔོན་འགོག་བྱེད་པའི་རིམས་ཐར་ནུས་པ་དང་འགོག་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ལམ་ལུགས་དང་ཚད་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་གི་འཛུགས་སྐྲུན་སྣ་ཚོགས་ནང་ཁྱབ་པར་བྱེད་པ་དང་། ལམ་ལུགས་ཚད་ལྡན་གསར་གཏོད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྲོལ་ལམ་ལུགས་མཚམས་མི་ཆད་པར་འཐུས་ཚང་དུ་གཏོང་བ།ལམ་ལུགས་ཚད་ལྡན་གྱི་ལག་བསྟར་ཤུགས་ཚད་ཆེ་རུ་བཏང་ནས། ལམ་ལུགས་ཀྱི་ཁྲིད་སྟོན་དང་འགན་སྲུང་ནུས་པ་སྔར་ལས་བཟང་པོས་འདོན་སྤེལ་བྱེད་དགོས། ཏང་གིས་གཅིག་གྱུར་མགོ་ཁྲིད་དང་ཆ་ཚང་མགོ་ཁྲིད་བྱེད་པ་འཐུས་ཚང་དུ་གཏོང་དགོས།

ཏང་གི་གཅིག་གྱུར་མགོ་ཁྲིད་དང་ཕྱོགས་ཡོངས་ལ་ཁེབས་པ། དབང་ཟིལ་གྱི་ཕན་འབྲས་ལ་ལྟ་སྐུལ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཏང་ཨུ(ཏང་ཙུའུ)ཡི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིགས་སོ་སོའི་ལྟ་སྐུལ་སྟོབས་ཤུགས་གཅིག་སྡུད་དང་གོ་རིམ་འཚམ་པ། བྱ་བ་མཉམ་འདྲེས་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་རྒྱུན་མཐུད་དུ་ཟབ་སྤེལ་བྱས་ཏེ། “མགོ་ཁྲིད་དང་པོ”ཡིས་ལྟ་སྐུལ་བྱེད་པར་མཐོང་ཆེན་བྱས་ནས་སྐོར་གཟིགས་རལ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས།སྣེ་ཁྲིད་དེ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྣེ་ཁྲིད་དེ་འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ། སྣེ་ཁྲིད་དེ་རང་ངོས་ཀྱི་འཇོན་ནུས་མཐོར་འདེགས་གཏོང་བ། སྣེ་ཁྲིད་དེ་རང་གཅུན་ནན་མོ་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འདི་ཉིད་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ལམ་ལག་བསྟར་བྱེད་མཁན་དང་ལག་ལེན་བྱེད་མཁན། སྲུང་སྐྱོང་བྱེད་མཁན་བཅས་བྱེད་དུ་འཇུག་དགོས།

ཝང་དབྱང་གིས་སྙན་ཞུའི་ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། རང་ངོས་གསར་བརྗེ་ཡི་བློ་སྤོབས་སྲུང་འཛིན་བྱེད་པ། བརྟན་ཐོག་ཡར་བརྩོན་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བའི་ལས་འགན་དང་བླང་བྱ་དངོས་འབེབས་ནན་ཏན་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས་རྒྱུན་ཆད་མེད་པར་ཁོངས་གཏོགས་ལག་བསྟར་དང་རྩ་ལག་མཉམ་བཅོས་བྱེད་པ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འགན་སྲུང་བཀན་མོ་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ཏུ་གྲོང་ཁྱེར་དང་ཁུལ་གྱི་སྒྲིག་ཨུའི་ཧྲུའུ་ཅི2དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི1ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི(ལྟ་ཞིབ་ཆེད་འགན་པ)2། ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མངགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་ཏུ་སྡོད་པའི་ཚན་གཙོ5བཅས་ཀྱིས་འགན་སྒྲུབ་སྤྱོད་གཙང་གི་གནས་ཚུལ་གསལ་ཞུ་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས2022ལོར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པའི་གནས་ཚུལ་ལ་གདེང་འཇོག་བྱས།

གྲོས་ཚོགས་ནི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་འཚོགས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། །