ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལོ།

ལོ།

ན་ནིང་དང་བསྡུར་ན།

ན་ཚོད་དང་ལང་ཚོའི་ཆ་ནས།

ང་ལོ་གཅིག་གིས་རྒས་སོང་།

ལོ།

ན་ནིང་དང་བསྡུར་ན།

མཐོང་ཐོས་དང་ཉམས་མྱོང་གི་ཆ་ནས།

ང་ལོ་གཅིག་གིས་འཕེལ་སོང་།

ལོ།

གཞོན་དུས་སུ།

ཉི་མ་རེ་རེ་བཞིན་བགྲངས་ནས།

རེ་སྒུག་གིས་ཚེས།

ལོ།

རྒས་དུས་སུ།

ཟླ་བ་རེ་རེ་བཞིན་བརྒལ་ནས།

སེམས་ཁྲལ་གྱིས་ཚེས།