ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་གྱི་སློབ་ཆེན་སློབ་མ་ཆིག་ཁྲི་ཙམ་གཞི་རིམ་དུ་སོང་ནས་དབྱར་གནང་སྐབས་ཀྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་བ།

ཟླ10པའི་ཚེས10ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ལ་དངོས་ཡོད་དང་ཟུང་འབྲེལ་སྒོས“བསམ་སྤྱོད་སློབ་ཁྲིད”བྱེད་པར་སྣེ་ཁྲིད་དང་རོགས་རམ་བྱེད་པ་དང་། སྤྱི་ཚོགས་ཀྱི་སློབ་ཁྲིད་ཁྲོད་སློབ་གསོ་མྱོང་བ་དང་འཇོན་ནུས་རྒྱས་པ། བྱས་རྗེས་འཇོག་པ་བཅས་ཀྱི་ཆེད་དུ། ད་ལོའི་དབྱར་གནང་སྐབས་སུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་གནས་བབ་ལ་གཞིགས་ནས། ཞིང་ཆེན་ནང་ཁུལ་གྱི་ཆེད་ཚན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་སོ་སོའི་ན་གཞོན་སློབ་གྲྭ་ཆེན་མོ་བ་ཆིག་ཁྲི་ཙམ་རྩ་འཛུགས་བྱས་ཏེ། ལག་ལེན་སྣ་ཚོགས་ལ་གང་ལེགས་ཀྱིས་གཞི་བཅོལ་ཐོག དྲ་ལམ་དང་དྲ་ལམ་མ་ཡིན་པ་ཟུང་འབྲེལ་གྱིས་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་དབྱར་གནང་གི་ལག་ལེན་བྱ་འགུལ་སྤེལ་ནས། བརྩེ་སེམས་ཟོལ་མེད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབས།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། ནམ་ཡང་ཏང་གི་རྗེས་སུ་འབྲངས། འཐབ་ལམ་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་ལ་དམ་པོར་དམིགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ཏེ། “གཞི་རིམ་དུ་བསྐྱོད་པ་གསུམ”གྱི་དབྱར་གནང་ལག་ལེན་བྱ་འགུལ་དེ“ཕྱིར་ཕ་ཡུལ་དུ་ལོག་པ”དང“ལང་ཚོའི་ཇུས་འགོད་པ”“གྲུ་གཡོར་འགེལ་བའི་འཆར་གཞི”“སྡེ་ཁུལ་ལང་ཚོའི་འགུལ་སྐྱོད”སོགས་ལག་ལེན་སྦྱོང་བརྡར་བྱ་འགུལ་དང་དམ་དུ་འབྲེལ་ཏེ། སློབ་མ་རྣམས་རྩ་འཛུགས་བྱས་ནས་ཉེ་འཁོར་དང་སྟབས་བདེའི་སྒོས་ལག་ལེན་བྱ་འགུལ་ནང་ཞུགས་སུ་བཅུག་པ་དང་།དུས་མཚུངས་སུ “དྲ་ལམ་རོགས་ཁྲིད”དང“དྲ་ལམ་སྒྲོག་འགྲེལ”སོགས་ཐེག་གཟུགས་སུ་བྱས་ནས། དྲ་ལམ་ནས་ལག་ལེན་བྱ་འགུལ་སྤེལ་བ་དང་། རོང་འབྲོག་མང་ཚོགས་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་དྲ་ལམ་རོགས་ཁྲིད་དང་འོས་འགན་སྨན་བཅོས། སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་སྤེལ། དེའི་སྐབས་སུ། མཐོ་རིམ་སློབ་གྲྭ་སོ་སོས་དཔུང་སྡེ་བརྒྱ་ཕྲག་དང་སློབ་གྲྭ་ཆེན་མོ་བ1200ལྷག་རྩ་འཛུགས་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོར་སོང་ནས་དབྱར་གནང་གི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་བ་དང་། སློབ་གྲྭ་ཆེན་མོ་བ1400ལྷག་རྩ་འཛུགས་བྱས་ནས་ཏང་སྲིད་ལས་ཁུངས་དང་ཁེ་ལས། སྡེ་ཁུལ་བཅས་སུ་སོང་ནས་སྦྱོང་བརྡར་བྱེད་དུ་བཅུག་ལ། འཆར་འགོད་རིགས་ཀྱི་ཆེད་ལས་ཅན་གྱི་སློབ་མ900ལྷག་རྩ་འཛུགས་བྱས་ནས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར་སོང་ནས་ཇུས་འགོད་ཕྲན་བུ་དང་བཟོ་བཅོས་ཕྲན་བུ། བཅོས་སྐྱོང་ཕྲན་བུ་སོགས“ལང་ཚོའི་ཇུས་འགོད་པ”ཡི་གསོ་སྐྱོང་འཆར་གཞི་སྤེལ་ཞིང་། རིམ་རྩིས་ཀྱིས་མཐོ་རིམ་སློབ་གྲྭའི་སློབ་མ4700ལྷག་གིས་ཉེ་འཁོར་ནས་སྤྱི་ཚོགས་ལྟ་ཞིབ་དང་དང་བླངས་ཞབས་ཞུ་སོགས“ཕྱིར་ཕ་ཡུལ་དུ་ལོག་པ”ཡི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ།

ལག་ལེན་བྱ་འགུལ་གཙོ་བོར“གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་ཁོར་སྲུང་། མི་རིགས་མཐུན་སྒྲིལ། སྲིད་ཇུས་སྒྲོག་འགྲེལ”སོགས་གཙོ་གནད་ཁྱབ་ཁོངས་སུ་གཅིག་བསྡུས་བྱས་ཡོད་ཅིང་། “ལྟ་ཞིབ་རྟོག་ཞིབ་དང་།དང་བླངས་ཞབས་ཞུ། དྲིལ་སྒྲོག་སྒྲོག་འགྲེལ”བཅས་གནད་འགག་གསུམ་ལ་དམིགས་ནས། ན་གཞོན་སློབ་མ་རྩ་འཛུགས་བྱས་ནས་གྲོང་གསེབ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འགྲོ་བ་དང་ཕ་ཡུལ་དང་ཉེ་འཁོར་གྱི་སྡེ་བར་སོང་ནས། ལག་ལེན་རྟོག་ཞིབ་དང་།དང་བླངས་ཞབས་ཞུ། སྲིད་ཇུས་སྒྲོག་འགྲེལ། དངོས་སྦྱོང་སྦྱོང་བརྡར་སོགས་བྱ་འགུལ་སྤེལ་བ་དང་། གཞི་རིམ་གྱི་དངོས་ཡོད་དགོས་མཁོ་དང་ཁྱད་ཆོས་ནས་མགོ་བརྩམས་ཏེ། གཏད་སོ་ཡོད་པའི་སྒོ་ནས་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ། དེའི་སྐབས་སུ། དཔུང་སྡེ་སོ་སོས་འོས་འགན་སྨན་བཅོས་དང་སྡེ་གྲོང་འཆར་འགོད་དང་ཇུས་འགོད། རོགས་ཁྲིད་སོགས“དོན་དངོས་སྒྲུབ་པའི”བྱ་འགུལ130ཙམ་སྤེལ་བ་དེ་མི་ཐེངས་ཁྲི་ཕྲག་ཙམ་ལ་ཁེབས་ཡོད། རིགས་མི་འདྲ་བའི་སྒྲོག་འགྲེལ་དང་དྲིལ་སྒྲོག་ཆུང་རིགས་ཐེངས120ལྷག་སྤེལ་བ་དེ་མང་ཚོགས་མི་ཐེངས2000ལ་ཁེབས་ཡོད། སློབ་མ1300ལྷག་རང་འགུལ་གྱིས་རང་ཉིད་ཡོད་སའི་སྡེ་བ་དང་སྡེ་ཁུལ་དུ་རིམས་འགོག་དང་བླངས་ཞབས་ཞུར་ཞུགས་ཤིང་། མི་རེས་ཆ་སྙོམས་ཀྱིས་ཉིན11ཡན་ལ་ཞབས་ཞུ་བསྒྲུབས་པ་རེད། །