ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རི་མཐོ་ཆུ་གཙང་གི་སྐྱེ་ཁམས་མཚོ་སྔོན།

▶མཚོ་མོའི་འགྲམ་ངོགས།
▲མཚར་སྡུག་རྣམ་པར་བཀྲ་བའི་ས་གཞི།
▲རི་ཚོགས།
▼གྱ་གྱུར་འབབ་པའི་ཆུ་རྒྱུན།
▼གསེར་དངུལ་ཐང་གི་མཛེས་པ།
▲སྲོད་ཁའི་མཚམས་སྤྲིན།
▼རབ་དཀར་གངས་ཀྱི་རི་བོ།

མདོ་དབུས་མཐོ་སྒང་དུ་གནས་པའི་མཚོ་སྔོན་གྱི་ས་ཁམས་གནས་ཡུལ་དམིགས་བསལ་ཡིན་པས། ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཀྱི་ཐོན་ཁུངས་སྣ་མང་འཛོམས་ཡོད་དེ། རྔམ་ཞིང་བརྗིད་པའི་གངས་རི་ནས་མུ་མཐའ་བྲལ་བའི་རྩྭ་ཐང་དང་། མཛེས་ཤིང་སྡུག་པའི་ལ་ཐང་ནས་ཚང་ཚིང་འཁྲུགས་པའི་ནགས་ཚལ། གཡུ་ཞུན་འཁྱིལ་འདྲའི་མཚེའུ་ནས་ཤང་ཤང་འབབ་པའི་ཆུ་མོ་ཀུན་ལ། ཕུན་སུམ་ཚོགས་ཤིང་རིགས་སྣ་མང་བའི་སྐྱེ་དངོས་དང་སྐྱེ་ཁམས་ཀྱི་ཐོན་ཁུངས་འཛོམས་མེད་པ་གཅིག་ཀྱང་མེད་ལ། མཚོ་སྔོན་གྱི་ལེགས་བབ་དང་གཟི་བརྗིད་མཚོན་པར་མི་བྱེད་པའང་གཅིག་ཀྱང་མེད།

མཚོ་འགྲམ་ཉི་མར་ཕྱོགས་པས་རྩི་ཏོག་རྒྱས། ཆུ་རྒྱུན་ཉི་ནུབ་འདྲེས་པས་མཚར་སྡུག་རྫོགས། ལོ་རེའི་དབྱར་ཁར། རྒྱལ་ཡོངས་ཀྱི་ཕྱོགས་ཡོང་ཡུལ་སྐོར་པའི་ཚོགས་རྣམས་གནས་འདི་རུ་འདུ་ཞིང་འཚུབ་པ་ནི། མཚོ་སྔོན་པོའི་མཛེས་པར་མྱོང་རོལ་ཐེངས་ཤིག་བྱེད་པ་དང་། གངས་རི་དང་ཉེ་བར་བཅར་བའི་སེམས་འདུན་ཐེངས་གཅིག་སྐོང་ཕྱིར་ཡིན་ལ། མེས་རྒྱལ་ནུབ་རྒྱུད་ཀྱི་རི་མཐོ་ཆུ་གཙང་ལ་ལན་ཅིག་རོལ་བའི་ཆེད་དུའང་ཡིན། རབ་མཛེས་མཚོ་སྔོན་གྱིས་ནམ་ཡང་རང་གི་རབ་མཛེས་བཞིན་རས་ལེགས་པོར་ཕྱིས་ཏེ། མཚར་སྡུག་རྨང་ནས་རྫོགས་པའི་མཛེས་ཉམས་ཀྱིས་རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་བཞིན་ཡོད།