ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཨོ་ལན་རྫོང་གི་ཁྱད་མཚར་མཛེས་ལྗོངས།

▲ཨོ་ལན་རྫོང་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ།
▲ཨོ་ལན་རྫོང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་པ།
▶ཁ་དོག་སྣ་ལྔའི་ཨོ་ལན།
▲གཞུང་ལམ་འགྲམ་ངོགས་གཉིས་སུ། ལྗང་ནེམ་སྡོང་བོས་སྲུང་ཡོད།
ཨོ་ལན་རྫོང་གི་བརླན་སའི་ཕྱུགས་ལས་འཕེལ་རྒྱས།

དེང་གི་དུས་ལ་རྐང་བཙུགས་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པར་བྱེད། “ལྔ་བཅུ་བཞི”ཡི་སྐབས་སུ། ཨོ་ལན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་ཅིང་ལྗང་མདོག་དང་བསྟུན་ནས་མདུན་སྐྱོད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་སྤེལ་གཏོང་བ་དེ་ལས་འགན་གཙོ་བོར་བརྩིས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ལག་ཏུ་བསྟར་ཞིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་དང་ཚྭ་ཁ་གྲོང་རྡལ“རི་བོ་གཉིས་ཀྱི་གཞུང་ལུགས”ལག་ལེན་གསར་གཏོད་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་སྤེལ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེ“གནས་བཞི”འཛུགས་སྐྲུན་གྱི་རྨང་གདན་ཡག་པོ་རུ་འགྱུར་བར་བྱས།