ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མ་ཡུམ་ཆུ་བོ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་བོ།

▲རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་དྭངས།
▲རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ལག་ཤེས་བཟོ་ལས་པས་ཚེམ་དྲུབ་བྱེད་བཞིན་པ།
◀རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མི་སྣ་ལྷན་གཅིག་ཏུ་འདུས་ནས་ཚོགས་འདུ་འཚོགས་བཞིན་པ།
▲རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙན་ཚ་རྫོང་དུ་ཡུལ་སྐོར་པ་མགྱོགས་གྲུར་བསྡད་ནས་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ།

རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གནད་ཆེའི་ཐབས་ཇུས་བཀོད་སྒྲིག་ཡིན།

མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་ཐང་འཁྱགས་རོམ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་དང་། མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་དངོས་ཡོད་གནས་ཚུལ་དང“ཆེས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་ཡུལ་ལ་གཞི་བཙུགས་ཤིང་། “ཀྲུང་ཧྭའི་ཆུ་ལྕོག”དང་གོ་ལའི་སྣེ་གསུམ་པའི་སྲུང་སྐྱོབ་འགུལ་སྐྱོད་ལག་བསྟར་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ལ་སྲུང་སྐྱོབ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ལ། རྨ་ཆུའི་མགོ་ཁུངས་དང་བཞུར་རྒྱུན་གཙོ་བོའི་ཞིང་ཆེན་ཡིན་པའི་ཆ་ནས་འགན་འཁྲི་ཕྲག་ཏུ་བླངས་ཏེ། “རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་བོར་འགྱུར་བར་མུ་མཐུད་དུ་འབད་བརྩོན་བྱེད་དགོས།”