ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

དགའ་བདེ་རྫོང་ཁྱི་འབྲི་ཞང་གིས་བྱེད་ཐབས་བཞི་ལ་བརྟེན་ནས་མཛེས་པའི་གྲོང་ཚོ་བསྐྲུན་པ།

ཉེ་བའི་ལོ་འགའི་རིང་ལ། དགའ་བདེ་རྫོང་ཁྱི་འབྲི་ཞང་གིས“མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པ”དང“གཙང་སེལ་གསུམ་དང་བཅོས་བསྒྱུར་ལྔ། གང་འདོད་དྲུག་བཅོས་སྐྱོང”གིི་བྱ་བའི་ལས་འགན་དང་ཟུང་འབྲེལ་བྱས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། མི་སྡོད་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་སྐུལ་སྤེལ་བྱས་ལ། ཞང་ཡོངས་ཀྱི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་། ཡིད་ཚིམ་ཚད་བཅས་མཐོར་འདེགས་སུ་བཏང་།

ཞིང་སྡེའི་བཙོག་ཆུ་གཙང་བཟོ་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་བསྲིངས་ནས་ཁྱོན་ཡོངས་ལ་ཁེབས་པར་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས། 2022ལོའི་ཟླ9པར། མགོ་ལོག་ཁུལ་གྱི་ཞང་རིམ་པའི་བཙོག་ཆུ་གཙང་བཟོ་ས་ཚིགས་ཐོག་མ་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱས་ཤིང་། ལས་གཞི་དེའི་མ་དངུལ་གྱི་ཡོང་ཁུངས་ནི་ཧྲང་ཧའེ་ཡི་རོགས་སྐྲུན་མ་དངུལ་ཡིན་ལ། བསྡོམས་པས་སྒོར་ཁྲི1500བཏང་། ལས་གཞི་དེ་འཁོར་སྐྱོད་བྱས་རྗེས་ཁྱི་འབྲི་ཞང་གི་སྲིད་གཞུང་གནས་ས་དང་དེའི་ཉེ་འཁོར་གྱི་ཁྱིམ་ཚང1000ལྷག་དང་ལས་ཁུངས་ཀྱི་བཙོག་ཆུ་གཙང་བཟོ་བྱ་རྒྱུ་རེད།

སྐྱེ་ཁམས་བདེ་སྡོད་དང་མཛེས་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་བཟོ་འགོད་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས། 2017ལོར། ཁྱི་འབྲི་ཞང་གི་ཕྱིའི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་དུས་རྒྱུན་འཚོ་བའི་ཆ་རྐྱེན་ཇེ་མཐོར་བཏང་བ་དང་ཆབས་ཅིག དགའ་བདེ་རྫོང་གི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་ཆེད། གོང་རིམ་སྡེ་ཁག་དང་ཧྲང་ཧའེ་ཡི་རོགས་སྐྲུན་གྱི་རྒྱབ་སྐྱོར་ཆེན་མོའི་འོག ཁྱི་འབྲི་ཞང་གི་ཕྱིའི་བཀོད་པ་བཅོས་བསྒྱུར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཤིང་། བསྡོམས་པས་སྒོར་ཁྲི450བཏང་སྟེ། གཙོ་བོ་ཁྱི་འབྲི་ཞང་གི་སྲང་ལམ་གཙོ་བོའི་ཐོག་ཁང་གི་ཕྱི་ངོས་བཅོས་སྐྱོང་བྱས་ལ། སྨི་གྲུ་བཞི་མ1600ཅན་གྱི་ལུས་རྩལ་ར་བ་འཛུགས་སྐྲུན་དང་ལུས་རྩལ་ཡོ་བྱད་ཉོས།

“གཙང་སེལ་གསུམ་དང་བཅོས་བསྒྱུར་ལྔ། གང་འདོད་དྲུག་བཅོས་སྐྱོང”གིི་རྒྱུན་རྣམ་ཅན་གྱི་དོ་དམ་ལ་ཤུགས་བརྒྱབ་ནས། གྲོང་གསེབ་སྐྱེ་ཁམས་ཀྱི་ལམ་ཡངས་པོར་ཕྱེས། གྲོང་གསེབ་དར་སྤེལ་གྱི་ཐོན་ལས་དར་བ་དང་སྐྱེ་ཁམས་བདེ་སྡོད། ཡུལ་སྲོལ་རིག་གནས། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོ། “མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པ”དང“གཙང་སེལ་གསུམ་དང་བཅོས་བསྒྱུར་ལྔ། གང་འདོད་དྲུག་བཅོས་སྐྱོང”གི་སྤྱིའི་བླང་བྱ་ལྟར། “ཆུ་དཔོན་ལམ་ལུགས”དང་ལྟ་སྲུང་པའི་བྱ་བའི་སྒྲིག་སྲོལ་བཀོལ་ནས། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པ་དང་སྒེར་གཉེར་བཟོ་ཚོང་པ། སྐྱེ་ཁམས་ལྟ་སྲུང་པ། འབྲོག་པ་མང་ཚོགས་བཅས་རྩ་འཛུགས་བྱས་ནས་དུས་བཅད་ལྟར་གཅིག་བསྡུས་སྒོས་ཁོར་ཡུག་བཅོས་སྐྱོང་བྱ་བ་སྤེལ། ཞང་ཡོངས་ཀྱི་གད་སྙིགས་གཙང་བཟོ་ས་ཚིགས་རྒྱུན་ལྡན་གྱིས་འཁོར་སྐྱོད་བྱས་པར་མ་ཟད། “སྒོ་ཁའི་འགན་སྲུང་གསུམ”གྱི་ལམ་ལུགས་སྤྱད་དེ། “ཁྱིམ་ཚང་གིས་རིགས་དབྱེ་བ་དང་སྡེ་བས་འཚོལ་སྡུད་བྱེད་པ། ཞང་དུ་འཁོར་སྐྱོད་བྱེད་པ”ཡི་འཁོར་སྐྱོད་སྒྲིག་སྲོལ་ཕལ་ཆེར་མངོན་འགྱུར་བྱུང་བར་མ་ཟད། སྡེ་བ་རིམ་པའི་ཁོར་སྲུང་མཐུན་ཚོགས་དང་ཡུན་བརྟན་སྒྲིག་སྲོལ་བཙུགས། གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག ཞན་འགྱུར་རྩྭ་ས་མུའུ་ཁྲི5ལེགས་བཅོས་བཏང་ལ། ས་ནག་ཐང་མུའུ3000བཅོས་སྐྱོང་བྱས་ཤིང་། ཞན་འགྱུར་རྩྭ་ས་མུའུ་ཁྲི5ཁ་གསབ་བྱས། ལྟ་སྲུང་པའི་དུས་རྒྱུན་སྐོར་ཞིབ་ལ་ཤུགས་བསྣན་ནས། རང་བྱུང་སྐྱེ་ཁམས་ལེགས་པོར་འཕེལ་བར་སྲུང་སྐྱོབ་བྱས།

“སྤྱོད་ཁང་གསར་བརྗེ”ལ་ཏན་ཏིག་གིས་སྐུལ་སྤེལ་བྱས་ནས། གྲོང་གསེབ་ཀྱི་ཕྱིའི་བཀོད་པ་ཇེ་ལེགས་སུ་བཏང་། ཁྱི་འབྲི་ཞང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་མཐོར་འདེགས་དང་བཅོས་བསྒྱུར་བྱེད་པའི་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱས་ཏེ། རིམ་པ་ལྟར་ཞིང་སྡེའི་སྤྱོད་ཁང་ཇེ་བཟང་དང་བཅོས་བསྒྱུར་བྱས་ལ། ཡུལ་བབ་དང་བསྟུན་ནས་སྤྱོད་ཁང་ལས་པའི་ཚད་གཞི་དང་རྣམ་པ་བདམས་ཤིང་། ཡུན་རིང་ལྟ་སྐྱོང་བྱེད་པའི་འཁོར་སྐྱོད་སྒྲིག་སྲོལ་བཙུགས་པ་དང་། ཕྱོགས་བསྡུས་ཇུས་འདོན་བྱས་ཏེ། ཞིང་སྡེའི་སྤྱོད་ཁང་ལ་དངོས་གནས་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་བཅུག་ཐོག ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བར་སྔར་ལས་བཟང་བའི་ཆ་རྐྱེན་བསྐྲུན། 2019ལོའི་ཚུན་དུ། ཞང་ཡོངས་སུ་སྤྱོད་ཁང80ལས་ཡོད་ལ། སྤྱི་པའི་སྤྱོད་ཁང་སྲིད་འཛིན་སྡེ་བར་ཁྱབ་ཚད100%རུ་སླེབས། ཞང་ཁོངས་ཀྱི་སྤྱོད་ཁང་འཛུགས་སྐྲུན་ཚད་ལྡན་ཅན་དང་དོ་དམ་ཚད་གཞི་ཅན། འཁོར་སྐྱོད་ཞབས་ཞུ་ཅན། ལྟ་སྐུལ་སྤྱི་ཚོགས་ཅན་ལྟར། མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་། འབྲོག་པ་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་ནུས་ལྡན་གྱིས་མཐོར་འདེགས་སུ་ཕྱིན། །