ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྨན་བཅོས་འགན་བཅོལ་ཞབས་ཞུའི་གདོང་ལེན་པ་དང་མང་ཚོགས་ཀྱི་བདེ་ཐང་ལྟ་སྐྱོང་མཁན།

—རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱི་གནས་ཚུལ་བཀོད་པ།

རྨ་ལྷོ་ཁུལ་སྨན་བཅོས་འགན་སྲུང་མ་ལག་གིས་སྐབས་དང་པོའི“ཆེས་མཛེས་པའི་སྨན་བཅོས་འགན་སྲུང་པ”ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས་པ།

2019ལོའི་ཟླ3པར། རྨ་ལྷོ་ཁུལ་དང་དེའི་གྲོང་ཁྱེར་གཅིག་དང་རྫོང་ཁག་གསུམ་གྱི་སྨན་བཅོས་འགན་སྲུང་ཅུས་དངོས་སུ་བཙུགས་པར་མ་ཟད། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་མཁར་གྲོང་ལས་བཟོ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་བཙའ་སྐྱེ་འགན་བཅོལ། སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རིན་གོང་དོ་དམ། སྨན་བཅོས་རོགས་སྐྱོར། སྨན་ཁང་གི་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་འོས་འགུག་ཉོ་སྒྲུབ་སོགས་ཀྱི་སྲིད་འཛིན་ལྟ་སྐུལ་དོ་དམ་འགན་ནུས་གཅིག་ལྕོགས་སུ་འཁུར། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་སྨན་བཅོས་འགན་སྲུང་སྲིད་ཇུས་དང་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་དགོས་མཁོ་དང་འགྲོ་གྲོན་གྱི་ཁུར་བོ་དངོས་གནས་ཐག་གཅོད་དང་ཇེ་ཡང་དུ་བཏང་སྟེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཁྲི28ཀྱི་སྨན་བཅོས་འགན་སྲུང་བྱ་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

2019ལོར། ལས་བཟོ་པ་སྨན་ཁང་དུ་བསྡད་པའི་གྲོན་དངུལ་བར་ཁྱད་ཡོད་པའི་སྒོ་ནས་གཏོང་སྤྱོད་བྱས་པ་བརྒྱུད་དེ། ཐེན་ཅིན་མཚོ་ངོགས་ཁུལ་གསར་གྱི་རིམ་པ་གསུམ་པའི་སྨན་ཁང་ཀ་པ3དང་ཀན་སུའུ་ཞིང་ཆེན་གྱི་གཞུང་བཙུགས་སྨན་ཁང15ལ་ཞིང་ཆེན་བརྒལ་བའི་སྨན་བཅོས་འགན་བཅོལ་དམིགས་བཙུགས་ཞབས་ཞུའི་གྲོས་ཆིངས་བཞག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁུལ་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་དགོས་མཁོ་ཐག་གཅོད་དང་སྨན་བཅོས་ཐོན་ཁུངས་སྔར་ལས་ལེགས་པོ་ལོངས་སྤྱོད་བྱེད་དུ་བཅུག དེ་དང་ཆབས་ཅིག་སྨན་པར་བསྟེན་པའི་འགྲོ་གྲོན་གྱི་ཁུར་བོ་དངོས་གནས་ཇེ་ཡང་དུ་བཏང་། ལོ་དེའི་ཟླ11པར། རྨ་ལྷོ་ཁུལ་སྨན་བཅོས་འགན་སྲུང་ཅུས་ལ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མི་ཡིས་གྲོས་གཞི་བཏོན་པའི་མི་དམངས་ཡིད་ཚིམས་པའི་ལས་ཁུངས”སུ་བདམས།

2020ལོར། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་པ་དང་། སྨན་བཅོས་འགན་བཅོལ་ལས་སྒྲུབ་ཞབས་ཞུ་སྟབས་བདེར་བཏང་ལ། དམིགས་བསལ་ནད་རིགས་དང་དལ་གཤིས་ནད་རིགས་ཀྱི་སྒོ་བསྟེན་སྨན་སྦྱོར་སྤྱོད་ཡུན་ཇེ་རིང་དུ་བཏང་བ། དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུ་བྱ་སྤྱོད་ལ་དོ་དམ་ཚོད་འཛིན་ནན་མོ་བྱས་པ། དུས་རིམ་རང་བཞིན་གྱི་ཕྱེད་གཅོག་གཞུང་བསྡུ་དང་ཁེ་ལས་ཀྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་དངུལ་དུས་འགྱངས་སྒོས་སྤྲོད་པའི་བྱ་བ་ནན་ཏན་གྱིས་སྤེལ་བ་སོགས་བྱས་ཏེ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ལ། ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས། “ནད་རིགས་གཉིས”ཀྱི་སྒོ་བསྟེན་ཉེར་སྤྱོད་སྨན་རྫས་ལ་འགན་སྲུང་བྱེད་པའི་ནང་རྐྱེན་བཙུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི“ནད་རིགས་གཉིས”ཀྱི་སྒོ་བསྟེན་ཉེར་སྤྱོད་སྨན་རྫས་འགན་སྲུང་སྲིད་ཇུས་རྨ་ལྷོ་རུ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་མོ་བྱས། ཁུལ་ཡོངས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས100%གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་མངོན་འགྱུར་བྱུང་ཞིང་། སྨན་བཅོས་འགན་སྲུང་ཐོབ་ཆ100%ལོངས་སུ་སྤྱོད་ཐུབ་པར་བྱས་ལ། སྨན་བཅོས་འགྲོ་གྲོན་གྱི་དོན་དངོས་འགྲོ་སོང་རྩིས་ཞུའི་བསྡུར་ཚད90%ཡན་དུ་བརྟན་སྲུང་བྱས་ཏེ། ཚད་ཆེ་ཤོས་ཀྱི་སྟེང་ནས“ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོར་འགྱུར་བ”སྔོན་འགོག་བྱས།

2021ལོར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བཤེར་འཇལ་རྣམ་གྲངས་ཀྱི་རིན་གོང་འགུལ་རྣམ་ལེགས་སྒྲིག་བྱས་པ་དང་། སྨན་བཅོས་འགན་བཅོལ་འཁོར་རྒྱུག་དངུལ་གྱི་དམིགས་སྤྲོད་ཤུགས་ཚད་ཇེ་ཆེར་བཏང་སྟེ། དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སོ་སོ་སྤེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་གཞུང་བཙུགས་སྨན་ཁང་སོ་སོའི་མ་དངུལ་སྔ་སྤྲོད་གནོན་ཤུགས་དང་འཁོར་རྒྱུག་དཀའ་ཁག་ཇེ་ཆུང་དུ་བཏང་། རིམས་འགོག་སྨན་ཁབ་རྒྱག་པའི་འགྲོ་གྲོན་དུས་ཐོག་ཏུ་ཞིབ་རྩིས་དང་དུས་ལྟར་དམིགས་གཏོང་བྱས་ནས། ཁུལ་ཡོངས་ཀྱིས་དུས་ཐོག་དང་མ་དངུལ་འདང་ངེས་ཀྱིས་རིམས་འགོག་སྨན་ཁབ་གྲ་སྒྲིག་བྱེད་པ་དང་འགོག་ཁབ་རྒྱག་པའི་དགོས་མཁོ་འགན་སྲུང་བྱེད་པར་ཁག་ཐེག་ནན་མོ་བྱས། རྣམ་པ་མང་པོ་བརྒྱུད་དེ་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་ཁྱབ་གདལ་དང་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་བས། ཁུལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་བེད་སྤྱོད་ཚད90%ཡན་དུ་སླེབས། ཀྲུང་ལུགས་དང་བོད་ལུགས(སོག་ལུགས)སྨན་རྫས་ལས་དོན་གྱི་འཕེལ་རྒྱས་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་དང་། སྨན་བཅོས་ལས་ཁུངས་ཀྱི་རང་སྡེབ་སྨན་རིགས186ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་སྲིད་ཇུས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག་སྟེ། རྒྱ་ཆེའི་མང་ཚོགས་ཀྱི་ཀྲུང་ལུགས་དང་བོད་ལུགས(སོག་ལུགས)སྨན་རྫས་བསྟེན་པའི་དགོས་མཁོ་བསྐངས། སྨན་བཅོས་འགན་བཅོལ་གྱི་བསླུ་གཡོགས་མགོ་སྐོར་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། ཁུལ་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས105ཐག་གཅོད་བྱས་པ་དང་། སྒྲིག་འགལ་སྨན་བཅོས་འགན་བཅོལ་མ་དངུལ་སྒོར་ཁྲི238.96ཞིབ་གཅོད་བྱས་ལ། དམིགས་བཙུགས་སྨན་བཅོས་ལས་ཁུངས11ལ་མ་དངུལ་ལྟ་སྐུལ་དོ་དམ་སྐོར་སྐྱོད་ཞིབ་བཤེར་བྱས་ཤིང་། སྒྲིག་འགལ་མ་དངུལ་སྒོར་ཁྲི287.87རྩིས་བཤེར་བྱས་ནས། ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་དང་ནུས་ལྡན་འཁོར་སྐྱོད་ཐད་དངོས་གནས་སྲུང་སྐྱོང་བྱས། 2021ལོའི་ཟླ6པར། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་དང་གྲོང་གསེབ་དར་སྤེལ་སྐུལ་སྤེལ་ཚོགས་ཆེན་སྟེང་། རྨ་ལྷོ་ཁུལ་སྨན་བཅོས་འགན་སྲུང་ཅུས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“མཚོ་སྔོན་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང”ཞེས་པའི་གཟི་བརྗིད་མཚན་སྙན་བསྩལ།

2022ལོར། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་དངུལ་སྤྲོད་སྐབས་ཁུལ་ཁོངས་སུ་དྲ་ཐོག་དང་ཡུལ་དངོས་གཉིས་ནས་སྤྲོད་པ་ཁྱབ་གདལ་དུ་བཏང་སྟེ། རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་ཐབས་ལམ་སྣ་མང་ནས་འགན་བཅོལ་ནང་ཞུགས་པའི་དངུལ་སྤྲོད་པ་མངོན་འགྱུར་བྱས་ལ།

(འཕྲོ་མ་པར་ངོས14པར་གཟིགས།)ཁུལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་དངོས་སུ་ཞུགས་མཁན་གྱི་མི་ཁྲི25.32ལ་སླེབས་ཡོད་པས། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་འགན་བཅོལ་ནང་ཞུགས་ཚད་རྒྱ་བསྐྱེད་པའི་དམིགས་འབེན་འགན་འཁྲིའི100.21%ལེགས་འགྲུབ་བྱས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུའི་མཁར་གྲོང་གི་ལས་བཟོ་པའི་སྒོ་བསྟེན་མཉམ་སྐྱོབ་འགན་སྲུང་ལམ་ལུགས་རང་ཁུལ་དུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པར་གཞི་བཅོལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྤྱིར་བཏང་སྒོ་བསྟེན་གྱི་ལོ་རེའི་གཏོང་སྤྲོད་བྱེད་ཆོག་པའི་དངུལ་གྲངས་དེ་སྔོན་གྱི་སྒོར120ནས་སྒོར300རུ་ཇེ་མཐོར་བཏང་ཞིང་། སྒོ(བྲེལ)བསྟེན་སྨན་བཅོས་ལས་ཁུངས་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་དམིགས་བཙུགས་སྨན་བཅོས་ལས་ཁུངས་སུ་རྒྱ་བསྐྱེད། ཁུལ་ཡོངས་ཀྱིDRGགཏོང་སྤྲོད་བྱེད་ཐབས་ཚོད་ལྟའི་བཅོས་བསྒྱུར་གྱི་བྱ་བའི་ལས་འགན་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ། ཞིང་སྡེའི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་བྱ་བ་དངོས་གནས་ལེགས་སྒྲུབ་བྱས་ཏེ། ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ཡང་བསྐྱར་དབུལ་པོར་འགྱུར་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་དང་། ནད་གཞི་ལྕི་མོའི་རིགས་ཀྱི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། སྨན་བཅོས་རོགས་སྐྱོར་གྱི་མཐིལ་བརྟོལ་འགན་སྲུང་བརྟན་པོར་བཏང་སྟེ། གཞི་རྩའི་སྨན་བཅོས་ཉེན་སྲུང་དང་ནད་གཞི་ལྕི་མོའི་རིགས་ཀྱི་ཉེན་སྲུང་། སྨན་བཅོས་རོགས་སྐྱོར“ས་ཚིགས་གཅིག་ཅན”གྱི་ཞབས་ཞུ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཤིང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པར་རོགས་འདེགས་བྱས། སྨན་རྫས་ཟད་གྲོན་གཅིག་བསྡུས་སྒོས་འོས་འགུག་ཉོ་སྒྲུབ་བྱེད་པ་བཅོས་བསྒྱུར་ཟབ་སྤེལ་བྱས་ནས། ཁུལ་ནང་ཁུལ་གྱི་གཞུང་བཙུགས་སྨན་ཁང་གིས་གཅིག་བསྡུས་སྒོས་སྨན་རྫས་ཟད་གྲོན་འོས་འགུག་ཉོ་སྒྲུབ་དང་བེད་སྤྱོད་དང་དོ་དམ་བྱེད་པར་ཤུགས་བསྣན་པ་དང་། སྨན་རྫས་ཟད་གྲོན་གྱི་རིན་གོང་ཚད་མཐོན་པོའི་སྟེང་ནས་མར་ཆག་པར་བྱས་ནས།མི་དམངས་མང་ཚོགས་ལ་སྤུས་ལེགས་རིན་དམའི་སྨན་བཅོས་དང་སྨན་རྫས་ཞབས་ཞུ་དངོས་གནས་ལོངས་སྤྱོད་དུ་བཅུག སྨན་བཅོས་འགན་བཅོལ་གློག་རྡུལ་དཔང་ཡིག་བེད་སྤྱོད་ཚད95%རུ་སླེབས་པ་དང་། སིལ་འཚོང་སྨན་ཁང66གིས་སྔོན་ལ་ངོ་གདོང་བཤེར་ལེན་གྱིས་ཐད་ཀར་རྩིས་སྤྲོད་རྒྱག་པ་ཚོད་ལྟ་བྱེད་པ་དང་། “བྱང་བུ་བརྡར་བ”དང“བཤེར་རིས་བརྡར་བ” “མི་ངོ་བརྡར་བ”དང་ཐོབ་ཐང་ལག་ཁྱེར་བཅས་ཀྱིས་དུས་ཐོག་ཏུ་རྩིས་སྤྲོད་བྱས་པ་བརྒྱུད་དེ། སྨན་བཅོས་འགན་བཅོལ་བཅོས་སྐྱོང་དེང་རབས་ཅན་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱི་གྲས་སུ་འདེམ་ཆོག་པའི་འགྲོ་རིམ་དང་ཕན་ཚུན་ངོས་ལེན་བྱེད་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ཁུལ་ཡོངས་ཀྱི་དམིགས་བཙུགས་སྨན་བཅོས་ལས་ཁུངས1168(དམིགས་བཙུགས་སྨན་བཅོས་ལས་ཁུངས687དང་དམིགས་བཙུགས་སྨན་རྫས་སིལ་འཚོང་ཁང481)ལ་སླེབས་ཡོད་ཅིང་། རྒྱ་ཆེའི་འགན་ཞུགས་མི་སྣས་སྨན་པར་བསྟེན་པ་དང་སྨན་ཉོ་བར་སྔར་ལས་སྟབས་བདེ་བསྐྲུན་ཡོད། 2022ལོ་ནི“ལྔ་བཅུ་བཞི”འཆར་འགོད་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། བདེ་ཐང་མཚོ་སྔོན་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་གནད་འགག་གི་ལོ་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དག་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་ཇི་མ་ཇི་བཞིན་དུ་ལག་ལེན་ལེགས་པོ་དང་སྐུལ་འདེད་ལེགས་པོ། དོན་འཁྱོལ་ལེགས་པོ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཞིང་། མི་དམངས་མང་ཚོགས་ཀྱི་སྨན་བཅོས་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་བཏང་ལ། མི་དམངས་མང་ཚོགས་ལ་སྔར་ལས་མང་ཞིང་ལེགས་པའི་སྒོ་ནས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་དུ་བཅུག་སྟེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱས། །