ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པར་རིས་གསར་འགྱུར།

ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་འཚོལ་ཞིབ་ཚོད་ལྟ་བྱ་ཡུལ་ཐོག་མ་ནི་ད་ལྟ་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་པས། མཚོ་སྔོན་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་དང“སྔར་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། ཏན་ཏན་ཏིག་ཏིག་གི་བྱ་བའི་གྲུབ་འབྲས་ཀྱིས“ཀྲུང་ཧྭའི་ཆུ་ལྕོག”ནུས་ཤུགས་ཡོད་རྒུས་སྲུང་བའི་ནང་དོན་ཟབ་མོ་གསོན་ཉམས་ལྡན་པར་འགྲེལ་ཡོད་དེ། ད་ལྟ་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་ཡིན་པར་མ་ཟད། རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་འཛམ་གླིང་ཡོངས་ལ་བསྟར་བའི་ཆས་རྟགས་ཡག་པོའང་ཡིན།