ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་གནང་བའི་མཐོ་རིམ་སློབ་གྲྭ་སོ་སོའི་མགོ་ཁྲིད་རྣམས་དང་བཞུགས་མོལ་བྱས་པ།

ཟླ8པའི་ཚེས4ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་གནང་བའི་ཐེན་ཅིན་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན། ཞ་མོན་སློབ་ཆེན་སོགས་ཀྱི་མགོ་ཁྲིད་དང་བཞུགས་མོལ་བྱས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་གནང་ནས་ལོ་འཁོར་བཅུ་ལོན་པའི་བྱ་འགུལ་ལ་ཞུགས་པའི་སློབ་ཆེན་སོ་སོའི་མགོ་ཁྲིད་ལ་དགའ་བསུ་བྱས་པ་དང་། སློབ་ཆེན་སོ་སོས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོ་གཉིས་ཀྱིས་བཤད་རྒྱུར། སློབ་ཆེན་སོ་སོས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་གནང་བའི་ལོ་ངོ་བཅུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ལོ་ངོ་བཅུ་འགྲོས་མཉམ་ཡིན་པ་ནི། ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་དང་སློབ་གསོར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱས་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་གཅིག་བསྡུས་མཚོན་རྟགས་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་སེམས་སུ་ཉར་ཏེ། སློབ་གསོ་པུའུ་དང་སློབ་ཆེན་སོ་སོར་ཐུགས་རྗེ་ཆེ་ཞུ། “ཚོགས་སྒྲིག་རྣམ་པ”ཡིས་སློབ་གསོའི་རོགས་འདེགས་བྱས་པ་བརྒྱུད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་དང་འཆར་འགོད་དོ་དམ། དགེ་རྒན་དཔུང་སྡེ་སོགས་ཀྱི་ཕྱོགས་ནས་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་བ་དང་། ཤར་ནུབ་རྒྱུད་སློབ་ཆེན་གྱི་མི་རིགས་སོ་སོའི་དགེ་སློབ་ཀྱི“ངོས་ཟིན་ལྔ”དང་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་བཅས་ཇེ་ཟབ་ཏུ་བཏང་ཡོད། ད་སྔ། མཚོ་སྔོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་དེད་ནས་དེང་རབས་ཅན་གྱི་འཐབ་ལམ་གསར་པར་སླེབས་ཡོད་པས། སློབ་གསོ་དེང་རབས་ཅན་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འདེགས་སྐྱོར་ཡིན། རེ་བ་ཡིན་ན་སློབ་ཆེན་སོ་སོས་རང་གི་ནུས་ཚོད་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགོས་མཁོ་ལྟར། མཚོ་སྔོན་གྱི་འཕེལ་རྒྱས་དང་མི་རིགས་སློབ་གསོ། མི་རིགས་སློབ་ཆེན་གྱི་འཛུགས་སྐྲུན་བཅས་ལ་སྔར་མུས་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་། རོགས་སྐྱོར་མཉམ་ལས་ཀྱི་དཔེ་དབྱིབས་སྔར་ལས་རྒྱ་བསྐྱེད་པ། བརྩེ་སེམས་ལྡན་ཞིང་ཐེག་ཁུར་ཡོད་པའི་སྦྱངས་ཚན་སྣེ་ཁྲིད་མཁན་སྔར་ལས་མང་པོ་མཚོ་སྔོན་ལ་འདེམས་མངགས་བྱས་ནས། སྦྱངས་ཚན་ཆེད་ལས་ཀྱི་ནང་དོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དགེ་རྒན་དཔུང་སྡེའི་སྤུས་ཚད་མཐོ་རུ་འདེགས་པ། ཚན་ཞིབ་སྟེགས་བུ་བསྐྲུན་པ་སོགས་ཀྱི་ཐད་སྔར་ལས་ཆེ་བའི་རྒྱབ་སྐྱོར་གནང་བ་དང་། དུས་རབས་གསར་པར་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོ། རིམ་པ་ཟབ་པའི་སྒོ་ནས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་དགོས། །