ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་འཚོགས་པ།

ཞིན་ཁྲང་ཞིང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཟླ8པའི་ཚེས8ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། རང་ཞིང་གི་དམངས་ཆེན་བྱ་བར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བཏང་ལ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་སྔར་ལས་ལེགས་པར་བཅོས་སྐྱོང་ནུས་པར་བསྒྱུར་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འགྱུར་བའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་ཐད་ནས་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དེ་གྲུབ་ལ། ང་ཚོས་དུས་རབས་གསར་པའི་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུས་དམངས་ཆེན་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་རྒྱག་པ་དང་། དམངས་ཆེན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་ཆེན་པོ་དང་འགན་སྲུང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བས་རྒྱུན་ཆད་མེད་པར་ཡར་སྐྱེད་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པ། དམངས་ཆེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས། ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་དོན་སྤྱི་དང་གཞུང་ལུགས་དོན་སྤྱི། ལག་ལེན་དོན་སྤྱི་བཅས་ཕུན་ཚོགས་དང་རྒྱ་སྐྱེད་བཏང་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་གཟི་འོད་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་། དུས་རབས་གསར་པའི་དམངས་ཆེན་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་བྱ་བའི་མཛུབ་སྟོན་དགོངས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བ། ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་མི་དམངས་དམངས་གཙོ་ཡིན་པའི་ངོ་བོ་དང་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བཅས་བྱས་ནས། དུས་རབས་གསར་པའི་དམངས་ཆེན་བྱ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ལེགས་པོར་སྒྲུབ་པ་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་ནས། བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོ་ཡིན་པ་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་རྩ་ཁྲིམས་ལག་ལེན་མཐར་ཕྱིན་དང་ལག་བསྟར་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་པར་སྐུལ་སྤེལ་བྱེད་དགོས་ལ། ཡང་དག་ནུས་ལྡན་གྱི་ཁྲིམས་ལྟར་ལྟ་སྐུལ་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་གཏན་འབེབས་དང་བསྐོ་འཐེན་བྱ་བ་ལེགས་པོར་བསྒྲུབས་ནས། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཏང་གིས་དམངས་ཆེན་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བར་གཅིག་འདོམས་དང་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས། ཏང་གིས་དམངས་ཆེན་བྱ་བར་མགོ་ཁྲིད་པའི་ལམ་ལུགས་ནང་རྐྱེན་འཐུས་ཚང་དང་དངོས་འབེབས་བཅས་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་དང་། བློ་བརྟན་འགྱུར་མེད་ཀྱིས“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས། ཆབ་སྲིད་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན་བཅས་རྒྱུན་མཐུད་ཀྱིས་ལེགས་པོར་བཟུང་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་ལག་ལེན་མཐར་ཕྱིན་དང་དངོས་འབེབས་ལེགས་པོ་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྡེ་ཁག་སོ་སོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་ལངས་གནས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ། གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཡང་དག་པར་དམ་འཛིན་བྱས་ནས། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་གཅིག་གྱུར་ཡོང་བར་བྱེད་པ་དང་། དྲང་འཛིན་གསར་སྐྲུན་བྱེད་སྐབས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་མཚོ་སྔོན་བཅོས་སྐྱོང་དང་སྲིད་གཉེར་སྐོར་གྱི་གྲུབ་འབྲས་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་འཆར་གཞི་ཡག་པོ་མངོན་འགྱུར་ཡོང་ཆེད། སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས། ལས་འགན་གཙོ་བོར་དམིགས་ཏེ་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི《ལག་བསྟར་ཇུས་གཞི》ལ་དམིགས་ནས། གནད་དོན་གྱི་ཕྱོགས་སྟོན་དང་དམིགས་འབེན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་རྒྱུན་འཁྱོངས་བྱས་ནས། བྱ་བའི་བྱེད་ཐབས་ཇེ་དྲག་དང་ལས་འགན་ཞིབ་ཐོ་བཙུགས་ཏེ། སྣ་རེ་རེ་བཞིན་དུ་དོན་འཁྱོལ་བྱེད་པ་དང་བྱེ་བྲག་འཛིན་པ། གནད་ལ་ཁེལ་བར་བཟུང་ནས། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་མཐོ་བའི་ལས་ཆོད། སྔར་ལས་མཐོ་བའི་སྤུས་ཚད་བཅས་ཀྱིས་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བྱ་བའི་སྡོམ་ཤུགས་གཅིག་ཏུ་བསྡུས་ཏེ་དོན་འཁྱོལ་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཆེན་ལས་ཁུངས་ཀྱིས་བྱ་བ་སྒྲུབ་པར་ནུས་པ་འདོན་སྤེལ་བྱེད་པ་དང་ཆ་རྐྱེན་ལེགས་པོ་བསྐྲུན་ནས། དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས་ཤིང་། སེམས་ཤུགས་གཅིག་སྒྲིལ་སྒོས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སྤོ་བ་དང་རྣམ་པ་གསར་པ་ཞིག་བཏོད་པར་མཉམ་དུ་སྐུལ་སྤེལ་བྱེད་དགོས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལེ་ཡིས་ཞིང་ཆེན་ཏང་ཨུའི《〈ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་དང་ལས་བགོས་ཇུས་གཞི〉སྐོར་གྱི་ལག་བསྟར་ཇུས་གཞི》གསལ་བཤད་བྱས། །