ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྐྱེ་ཁམས་ཡུལ་སྐོར་གྱི“ཨོ་ལན་མ་དཔེ”འཚོལ་བ།

▲ནམ་མཁའ་དང་མཚོ་མོ་ཡུག་གཅིག་ཏུ་འདྲེས་པའི་ཚྭ་ཁ་ཚྭ་མཚེའུ་ཡུལ་ལྗོངས།
▲མུ་ཧོར་རྔ་མོང་གསོ་རའི་ལྗོངས་ཁུལ་གྱི་སྒོ་ཆེན།
▲ལྗོངས་ཁུལ་དུ་ཡོད་པའི་རོལ་རྩེད་ལས་གཞི།
མཚོ་སྔོན་ཚྭ་ཁའི་ལྗོངས་ཁུལ་གྱི་ཁྱད་ལྡན་དམངས་སྲོལ་ཁང་པ།
▲ཡུལ་སྐོར་འཕེལ་རྒྱས་ཀྱིས་ལས་རྐང་སྔར་ལས་མང་པོ་འདོན་སྤྲོད་བྱས་ཡོད།
▲ལོ་རྒྱུས་བཤམས་སྟོན་ཁང་དུ་བཤམས་པའི་རྔ་མོང་སྐེ་ཡི་དྲིལ་བུ།

དབྱར་གཞུང་གི་བསིལ་རླུང་སྔོ་ཡུག་ཡུག་གི་མཚོ་ངོས་སུ་ལྡང་ཞིང་། སྤྲིན་དཀར་དང་གངས་རི། རྩྭ་ཐང་དང་ནོར་ལུག་སོགས་ཀྱི་གྲིབ་གཟུགས་རེ་རེ་མཚོ་ངོས་སུ་ཤར་འདུག འདི་ལྟ་བུའི་མཛེས་ལྗོངས་ནི་ལྷ་ཡུལ་ཁམས་དང་གཉིས་སུ་མ་མཆིས་ཏེ། གནས་འདི་ནི“ནམ་མཁའི་མེ་ལོང”དུ་འབོད་པའི་ཚྭ་ཁ་ཚྭ་མཚོ་ཡིན་ལ། མཚོ་སྔོན་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་ལྟ་བུ་དང་དྲ་གྲགས་རྣམས་ངེས་པར་འགྲོ་སའི་གནས་ཤིག་ཀྱང་ཡིན། ཚྭ་ཁ་ཚྭ་མཚོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨོ་ལན་རྫོང་དུ་ཡོད་ལ། ཚྭ་ཁ་ཚྭ་མཚོར་སླེབས་ཚེ། བལྟས་མི་ཚར་བའི་ཡུལ་ལྗོངས་དང་སོང་མི་ཚར་བའི་འགྲུལ་བཞུད་རིང་མོ་ཞིག་ཡོད་ལ། ཚྭ་ཁ་ཚྭ་མཚོར་སླེབས་ཚེ། རྣམ་ཤེས་ཀྱི་གོམ་སྟབས་དལ་མོས་སེམས་ཀྱི་དག་ཞིང་འདིར་ཉམས་རོལ་ཐེངས་ཤིག་བྱེད་ཆོག ཚྭ་ཁ་ཚྭ་མཚོར་སླེབས་ཚེ། སེམས་ཁོང་དུ་སྨོན་པའི་སྙན་ངག་དང་རྒྱང་རིང་ཡང་རང་གི་ཞབས་འོག་ཏུ་ཡོད།