ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལུས་རྩལ་འགྲན་ཚོགས་སྟེང་གི་འགྲན་ཞུགས་པའི་གཟི་ཉམས།

▲ལྒང་ལི་གཟེབ་དྲར་འཕེན་པ།
▲མཆོངས་ལྡིང་།
▲ཕུགས་འདུན་སྙེག་ཚུལ།
▲རྒྱུག་མགོ་རྩོམ་པ།
▲མགོ་རྩོམ་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།
▶འགྲན་ཞུགས་འཐུབ་ཚབ་རུ་ཁག་ཚོགས་རར་བསྐྱོད་པ།

ཟླ8པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པ་མགོ་རྩོམ་པའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ལུས་རྩལ་ར་བ་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།