ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བཞིན་ཡོད།

2016ལོ་དང2021ལོ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་གཞུག་ཐེངས་གཉིས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ནས་མཚོ་སྔོན་གྱི་མི་རིགས་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། ང་ཚོས་དུས་རབས་གསར་པའི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་གསལ་པོ་བསྟན་པར་མ་ཟད་གཞི་རྩའི་སྲུང་བྱ་འདོན་སྤྲོད་མཛད།

ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད། མཚོ་སྔོན་ཞེས་པའི་ཡུལ་གྲུ་འདིར་འཚོ་གཞེས་གནང་བའི་རིགས་སོ་སོའི་མང་ཚོགས་ཀྱིས་གཅིག་ལ་གཅིག་རྟེན་དང་འཆམ་མཐུན་མཉམ་གནས་ངང་འཚོ་བ་རོལ་ཏེ། སེ་འབྲུའི་ཚི་གུ་བཞིན་གཅིག་སེམས་གཅིག་ལ་སྦྲེལ་ནས་སོ་སོའི་མཛེས་པ་སྲུང་འཛིན་དང་ཕན་ཚུན་རོལ་མྱོང་བྱེད་བཞིན་ཡོད་ལ། སུ་ཡང་སུ་ལ་འབྲལ་མི་ཐུབ་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཆགས་ཡོད། ཏང་གི་མགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་ཁྲོད་ཀྱི་མཚོ་སྔོན་གྱི་ལེའུ་གང་ལེགས་ཀྱིས་འབྲི་བཞིན་ཡོད་ལ། མཚོ་སྔོན་གྱི་བུ་བུ་མོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་ཀྲུང་གོའི་འདུན་མར་ཕྱོགས་ཏེ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།