ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རྒྱ་ཏིག་གྲོང་རྡལ་གྱི་ཧུའུ་ཀྲུའུ་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་པ་ཚོས་ཉིན་རྒྱུན་ནགས་ཚལ་ཁྲོད་སྐོར་སྲུང་བྱེད་བཞིན་ཡོད། ད་ལོར། ཁོ་ཚོས་མངོན་གསལ་སྒོས་ནགས་ཚལ་ལ་སྔར་ལས་གསོན་ཤུགས་ལྡན་པ་ཚོར་བྱུང་། དེ་སྔོན་ནགས་ཁྲོད་དུ་མཐོང་དཀོན་པའི་རི་དྭགས་དང་རྩི་ཤིང་ལ་ཕལ་ཆེར་མི་རེ་རེ་འཕྲད་པ་དང་། རི་མགོའི་སྡོང་པོ་ཇེ་མང་དང་རྩྭ་ཇེ་བཟང་དུ་གྱུར་བས་ཁོ་ཚོའི་བྱ་བར་སྔར་ལས་སྤྲོ་སྐྱིད་མང་པོ་བསྩལ་པ་རེད།