ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཡུས་ཧྲུའུ་གནམ་གྲུ་ཐང་རྒྱ་བསྐྱེད་ཞིག་གསོ་བཟོ་འགོད་ཡོངས་སུ་འགྲུབ་ནས་བེད་སྤྱོད་བྱས་པ།

ཟླ8པར། ཡུས་ཧྲུའུ་གནམ་གྲུ་ཐང་རྒྱ་བསྐྱེད་ཞིག་གསོ་བཟོ་འགོད་ཡོངས་སུ་འགྲུབ་ནས་བེད་སྤྱོད་གཏོང་བའི་མཛད་སྒོ་ཡུས་ཧྲུའུ་གནམ་གྲུ་ཐང་གི་གསར་བཙུགས་འབབ་ཚིགས་ཐོག་ཁང་གི་མདུན་དུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་བཟོ་འགོད་ཡོངས་སུ་འགྲུབ་ནས་བེད་སྤྱོད་བཏང་བ་ཁྱབ་བསྒྲགས་བྱས།

ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་གནམ་གྲུ་ཐང་གིས“གཙང་གསུམ་འབྱུང་ཡུལ”གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་བཞག སྔར་ལས་ལྷག་པར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་མགྱོགས་པོའི་དགོས་མཁོ་དང་བསྟུན་ཆེད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.74བཏང་བའི་ཡུས་ཧྲུའུ་གནམ་གྲུ་ཐང་རྒྱ་བསྐྱེད་ཞིག་གསོ་གཏོང་བའི་བཟོ་འགོད་དེ2019ལོའི་ཟླ10པ་ནས་ལས་མགོ་བརྩམས་ཤིང་། ལོ3གྱི་རིང་ལ་གནམ་གྲུའི་འཕུར་མཚམས་མ་བཞག་པར་ཨར་ལས་བརྒྱབ་སྟེ་ཡོངས་སུ་གྲུབ།

ཡུས་ཧྲུའུ་གནམ་གྲུ་ཐང་རྒྱ་བསྐྱེད་ཞིག་གསོ་བཟོ་འགོད་ནི་རྒྱལ་ཁབ་ཀྱི“ལྔ་བཅུ་གསུམ”བོད་འབྲེལ་ས་ཁུལ་གྱི་གཙོ་གནད་འཛུགས་སྐྲུན་ལས་གཞི་ཞིག་ཡིན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མཁའ་འགྲུལ་དཔལ་འབྱོར་ཤུགས་ཆེར་འཕེལ་རྒྱས་གཏོང་བ་དང་། ཚད་རིམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་བསྐྲུན་པ། མང་ཚོགས་ཀྱི་སྐྱིད་སྣང་མཐོར་འདེགས་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལའང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། །