ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་།

མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་།

ཟླ5པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི29བདམས་ཤིང་། འཐུས་མིའི་མིང་ཐོ་གཤམ་གསལ་ལྟར། (རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས་ཡོད)

ཚེ་རིང་ཐར།(བོད་རིགས།)མ་ཞའོ་ཡུས།(མོ། ཧོས་རིགས།)ཝང་ལིན་ཧུའུ།ཝང་ཏིང་པང་། ཆོས་དབྱིངས་སྐྱིད།(མོ། བོད་རིགས།)

ཉིའུ་ཧྲེན་ཡིའུ། པཱ་ཚེ་ལོ།(བོད་རིགས།) ལུའི་ཀང་།ཀྲུའུ་ཀྲན་རྨིན། ལིའུ་ཞིའུ་ཆིང་།(མོ། སོག་རིགས།)ཆི་ཧུང་ཧྥང་།(མོ) དབྱང་ཡོན།(མོ། ཧོས་རིགས།)དབྱང་ཀྲི་ཝུན།(ཧོས་རིགས།) ཝུའུ་ཞའོ་ཅུན། ཝང་དབྱང་། ཀྲང་ཞའོ་ཅུན། ཀྲང་ཅིན་མེ།(མོ།)

ཁྲེང་ཀྲི་ཞིའུ།(མོ། ཧོར་རིགས།) ཁྲེན་རུའེ་ཧྥེང་།ཀྲའོ་ཡུའེ་ཞ།(མོ།) ཀྲའོ་ཁོ་ཀྲི། ཞིན་ཁྲང་ཞིང་། པད་གོ(བོད་རིགས།) ཆན་ཅན་ཧྭ། དབྱིན་པའེ།(འཇང་རིགས།)ཀོ་ཅུན། ཧན་ཧྲི།(ཟ་ལར་རིགས།)ཅའོ་ཀྲེང་།(མོ) ཚའེ་ཁྲེང་ཡུང་།

མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་ནི་ཏང་གི་སྒྲིག་ཡིག་དང་ཏང་ཀྲུང་དབྱང་གི་འཐུས་མི་འདེམས་བསྐོ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བླང་བྱ་ལྟར་བདམས་ཐོན་བྱུང་བ་ཡིན། འཐུས་མིའི་གདམ་བྱའི་འོས་མི་ཐོག་མར་འོས་སྦྱོར་མིང་འདོན་བྱེད་སྐབས་དང་འཐུས་མི་དངོས་སུ་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ཁྲོད། ཚད་གཞི་དང་ཆ་རྐྱེན་རྒྱུན་འཁྱོངས་བྱས་པ་དང་རྩ་འཛུགས་ཀྱི་འགག་སྒོ་ནན་འཛིན་བྱས་ལ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཡོད། འཐུས་མི་བདམས་ཐོན་བྱུང་བ་ནི་སྒྲིག་རིམ་གཏན་འཁེལ་དང་མཐུན་ཞིང་། གྲུབ་ཚུལ་གྱི་བསྡུར་ཚད་ནི་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན།

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མིའི་ཐོབ་ཐང་ལ་སྐབས་དེར་ད་དུང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་བྱེད་དགོས། །