ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་ལེའུ་གསར་པ་འབྲི་དགོས།

▲མཛེས་པའི་གཙང་གསུམ་འབྱུང་ཡུལ་ནི་རྟག་བརྟན་གྱི་ཆུ་བོ་དྭངས་ཤིང་གཙང་ལ་ནམ་མཁའ་གཡའ་དག་ས་དེ་ཡིན།
▲མཚོ་སྔོན་གྱི་དངོས་རིགས་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་བརླིང་ངང་འཕར་བཞིན་ཡོད།
▲ཧའེ་ཧུའུ་བརླན་སར་དགུན་བརྒལ་བའི་འདབ་ཆགས།
▲འཕྱི་བས་དཔྱིད་ལ“བརྟག་པ།”
▲བར་སྣང་ནས་མཐོང་བའི་ཧའེ་ཧུའུ་བརླན་ས།
▲སྐྱེ་ཁམས་སྤྱི་གླིང་གིས་གྲོང་ཁྱེར་ལ་འཕོ་འགྱུར་ཆེན་པོ་བསྩལ་བར་མ་ཟད། རྒྱ་ཆེའི་གྲོང་མི་རྣམས་ལ་སྔར་ལས་ལྷག་པའི་ལྗང་མདོག་གི་བདེ་སྐྱིད་མྱོང་དུ་བཅུག

སྐྱེ་ཁམས་སྲུང་སྐྱོབ་ཀྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་ལེའུ་གསར་པ་འབྲི་དགོས།

གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོར་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། འགན་འཁྲི་གལ་ཆེན་ཁུར་དུ་བླངས་པའི་གཙང་པོའི་མགོ་ཁུངས་ཀྱི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་ལེགས་པོར་བྱེད་པའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། གཙང་པོའི་མགོ་ཁུངས་ཀྱི་ཡུལ་གྲུ་ཆེན་པོའི་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་འཁྱགས་ཀླུང་བྱེ་ཐང་བཅས་ལ་མིག་འབྲས་བཞིན་གཅེས་ཤིང་སྲུང་བས། མགོ་ཁུངས་ཀྱི་ཆུའི་ཐོན་ཁུངས་ཚད་ལོ་རེ་བཞིན་ཇེ་མང་དང་རྩྭ་སའི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་ལ། གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་མངོན་གསལ་གྱིས་ཇེ་མང་དུ་སོང་ནས། མཐའ་ཡས་པའི་གཙང་པོའི་མགོ་ཁུངས་དེ“རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”སུ་གྱུར་ཡོད། མཚོ་སྔོན་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱས་ཏེ། སྲོག་ལྡན་སྐྱེ་དངོས་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་དགོས།