ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བྱ་ཤ་ཟོས་ན་ཕོ་འབྲས་འབྱུང་བའི་ཉེན་ཁ་ཆུང་།

ཉེ་ཆར།ལྗར་པན་རྒྱལ་བཙུགས་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་དང་རྒྱལ་བཙུགས་བདེ་ཐང་དང་འཚོ་བཅུད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་ཚན་ཆུང་གིས《ཨ་མེ་རི་ཁའི་ནད་ཐོག་ལག་ལེན་འཚོ་བཅུད་རིག་པའི་དུས་དེབ》ཀྱི་དྲ་རྒྱའི་པར་གཞི་སྟེང་དཔྱད་རྩོམ་སྤེལ་ཏེ།ཤའི་བཟའ་ཚད་དང་ཕོ་འབྲས་འབྱུང་བའི་ཉེན་ཁའི་བར་སྤྱིར་བཏང་གིས་འབྲེལ་བ་མངོན་གསལ་མེད་མོད།འོན་ཀྱང་བྱ་ཤ་མང་དུ་ཟོས་ན་ཕོ་འབྲས་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བཞིན་པ་བསྟན་ཡོད།

ཞིབ་འཇུག་ཚན་ཆུང་གིས་ལྗར་པན་གྱི་རྫོང10ཡི་ལོ45ནས74བར་གྱི་མི90504(ཕོ42328དང་མོ48176)ཞིབ་འཇུག་བྱ་ཡུལ་དུ་བཟུང་བ་དང་།འདྲི་ཤོག་བརྟག་དཔྱད་ཀྱི་རྣམ་པས་དུས་ཡུན་ལོ15རིང་ལ་རྗེས་འདེད་བརྟག་དཔྱད་བྱས། ཁོ་ཚོས་ཤའི་རིགས་ཡོངས་རྫོགས་དང་ཤ་དམར(སྐམ་ཤ་དང་ཕག་ཤ)།ལས་སྣོན་བྱས་ཟིན་པའི་ཤ། བྱ་ཤ་སོགས་ཉིན་རེའི་བཟའ་ཚད་ཅི་ཙམ་ཡིན་པ་དེར།ཚན་ཆུང5རུ་བགོས་ནས་གཤིབ་བསྡུར་བྱས་ཏེ།ཤའི་བཟའ་ཚད་དང་ཕོ་འབྲས་བར་འབྲེལ་བ་ཡོད་མེད་སྐོར་ལ་དབྱེ་ཞིབ་བྱས།མཇུག་འབྲས་ལས་མངོན་པ་ལྟར་ན།བུད་མེད་ཀྱི་ཁྲོད་དུ་བྱ་ཤ་བཟའ་ཚད་ཆེས་ཉུང་བའི་ཚན་ཆུང་དང་བསྡུར་ན།བྱ་ཤ་བཟའ་ཚད་ཆེས་མཐོ་བའི་ཚན་ཆུང་ལ་ཕོ་འབྲས་བྱུང་བའི་ཚད25%ཡིས་དམའ་བ་དང་། ཚགས་སྒོ་དུང་འཁྱིལ་ནར་སྲིན་གྱི་ནད་བྱུང་ཡོད་པའི་བུད་མེད་ཀྱི་ཁྲོད་དུའང་གཅིག་མཚུངས་ཀྱི་མཇུག་འབྲས་མངོན་ཡོད།

བྱ་ཤ་བཟའ་ཚད་མཐོ་ན་ཕོ་འབྲས་འབྱུང་ཚད་དམའ་བའི་རྒྱུ་མཚན་ནི་ཕལ་ཆེར་རྒྱུ་རྐྱེན་གཉིས་དང་འབྲེལ་ཡོད་པ་སྟེ།གཅིག་ནི་ཤ་དམར་གྱི་ནང་དུ་ཁྲག་དམར་ལྕགས(血红素铁)ཀྱི་འདུས་ཚད་མཐོ་བ་དང་།བྱ་ཤའི་ནང་དུ་ཁྲག་དམར་ལྕགས་ཀྱི་འདུས་ཚད་དམའ་བ་རེད། ཁྲག་དམར་ལྕགས་ཀྱིས་འབྲས་ནད་འབྱུང་བར་བྱེད་པའི་ཕྲ་ཕུང་སྐྱེ་འཕེལ་དང་དབྱང་འདོར་ཉིང་ཧྭགས་ཉིང་སྐྱུར་མེད་པར་བཟོ་བཞིན་ཡོད་པས་ཡིན་ལ། གཉིས་ནི་བྱ་ཤའི་ནང་དུ་ཚད་མ་ལོངས་པའི་ཚིལ་སྐྱུར་འདུས་ཚད་མཐོ་བ་དང་། ཚད་མ་ལོངས་པའི་ཚིལ་སྐྱུར་ལ་གཉན་ཚད་གཅོག་པའི་ནུས་པ་ལྡན་པས་རེད། །