ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རླངས་འཁོར་ཉོ་མཁན་ཚོས་ད་ལོའི་ཟླ6པ་ནས་ཟླ12པར་སྲིད་ཇུས་འདི་ལོངས་སྤྱོད་བྱེད་ཐུབ།

ཟླ5པའི་ཚེས31ཉིན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་སྒོས་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་དང་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཆེད། རླངས་འཁོར་ཆུང་བའི་རིགས་ཏེ་མི་སྡོད་རླངས་འཁོར་ཁག་གཅིག་གི་ཉོ་སྒྲུབ་དཔྱ་ཁྲལ་ཇེ་དམའ་རུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག ཉོ་སྒྲུབ་ཀྱི་དུས་ཚོད་དེ2022ལོའི་ཟླ6པའི་ཚེས1ཉིན་ནས2022ལོའི་ཟླ12པའི་ཚེས31ཉིན་བར་ཡིན་པར་མ་ཟད། རླངས་འཁོར་ཁོ་ནའི་རིན་གོང(རིན་ཐང་འཕར་མའི་ཁྲལ་མི་ཚུད)སྒོར་ཁྲི30ལས་མི་བརྒལ་ཞིང་། འབུད་ཤུགས་ཧྲེང2.0དང་དེའི་མན་གྱི་རླངས་འཁོར་ལ་འཁོར་རིགས་ཀྱི་ཉོ་སྒྲུབ་དཔྱ་ཁྲལ་ཕྱེད་ཀ་གཅོག་པ།

གཉིས། སྤྱི་བསྒྲགས་འདིར་བརྗོད་པའི་མི་སྡོད་རླངས་འཁོར་ཞེས་པ་ནི་ཇུས་འགོད་དང་། བཟོ་སྐྲུན། ལག་རྩལ་གྱི་ཁྱད་ཆོས་བཅས་ཀྱི་ཐད་ནས། གཙོ་བོ་འགྲུལ་པ་དང་དེའི་ཅ་དངོས་སམ་གནས་སྐབས་ཀྱི་དངོས་ཟོག་བཅས་སྐྱེལ་འདྲེན་ཐད་བཀོལ་བ་དང་། རླངས་འཁོར་ནང་དུ་ཁ་ལོ་པའི་རྐུབ་སྟེགས་ཚུད་པའི་རྐུབ་སྟེགས9ལས་མི་མང་བའི་རླངས་འཁོར་ལ་གོ །

གསུམ། སྤྱི་བསྒྲགས་འདིར་བརྗོད་པའི་རླངས་འཁོར་ཁོ་ནའི་རིན་གོང་ནི་ཉོ་སྒྲུབ་དཔྱ་ཁྲལ་འཇལ་བའི་རླངས་འཁོར་གྱི་ཁྲལ་རྩིས་རིན་གོང་ལ་གོ་དགོས།

བཞི། རླངས་འཁོར་ཉོས་པའི་དུས་ཚོད་ནི་རླངས་འཁོར་ཕྱིར་བཙོང་བའི་གཅིག་གྱུར་གྱི་འཛིན་ཡིག་གམ་ཡང་ན་འགག་སྒོའི་སྒོ་ཁྲལ་གྱི་ཆེད་སྤྱོད་འཛིན་ཡིག་སོགས་གོ་ཆོད་པའི་འཛིན་ཡིག་ཏུ་བྲིས་པའི་དུས་ཚོད་དེ་ལ་གོ་དགོས།

ལྔ། རླངས་འཁོར་གྱི་འབུད་ཤུགས་དང་རྐུབ་སྟེགས་ཀྱི་ཁ་གྲངས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླངས་འཁོར་བཟོ་གྲྭ་ནས་ཐོན་པའི་ཚད་མཐུན་ལག་ཁྱེར》གྱི་གློག་རྡུལ་ཆ་འཕྲིན་ནམ་ཡང་ན་ནང་འདྲེན་བྱས་པའི་རླངས་འཁོར་གྱི《རླངས་འཁོར་གྱི་གློག་རྡུལ་ཆ་འཕྲིན་ཐོ་ཡིག》གི་གློག་རྡུལ་ཆ་འཕྲིན་དུ་བཀོད་པ་བཞིན་གཏན་འཁེལ་བྱེད་དགོས།

《རྒྱལ་ཁབ་ནོར་སྲིད་པུའུ་ཡི་བརྡ་སྦྱོར》ལྟར།