ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

དམའ་འབྲིང་སློབ་མ་ཚེ་སྒྲོན་གྱིས་བྲིས་པའི་རི་མོའི་བརྩམས་ཆོས་བདམས་བཀོད།

ཕག་མོ་ཚེ་སྒྲོན་ནི་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་ཡིན་ལ། ད་ལོར་ལོ་བཅུ་བཞི་ཡིན། ཁོ་མོའི་མི་ཚེའི་ཕུགས་བསམ་ནི་རི་མོ་བ་ཞིག་བྱ་རྒྱུ་དེ་ཡིན། ཡིན་ཡང་། སློབ་ཆུང་འགྲིམས་དུས་གོ་སྐབས་དེ་འདྲའི་ཡག་པོ་ཞིག་ལ་མ་འཕྲད་པས་རི་མོ་འབྲི་བའི་དགའ་ཕྱོགས་དེ་རེ་ཞིག་མི་བསྐྱུར་ཐབས་མེད་བྱུང་། སྟབས་ལེགས་པ་ཞིག་ལ། དམའ་འབྲིང་འགྲིམས་མ་ཐག་རི་མོ་འབྲི་བའི་གོ་སྐབས་ཡག་པོ་བྱུང་བས་རི་མོ་བྲིས་ནས་ཧ་ལམ་ལོ་གཅིག་འགོར་ལ་ཉེ་ཞིང་། སློབ་གྲྭའི་རི་མོའི་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས་མྱོང་ལ། སློབ་རའི་ཚགས་པར་སྟེང་དུའང་ཁོ་མོས་བྲིས་པའི་སྣུམ་ཚོན་རི་མོ་གང་མང་བདམས་བཀོད་བྱས་མྱོང་།