ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་བསྡུས་པ།
ཁྲེན་ཀང་གིས་མགོ་འཛིན་བྱས་པ་དང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།
ཟླ7པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་བསྡུས་ཏེ།རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའམ་རྒྱལ་ཁབ་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གདན་དྲངས་ཏེ།“ལྗང་མདོག་རྩིས་ཤུགས་ཁྲིད་སྟོན་དུ་བརྩི་བའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བ”ཡི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་བྱས་པ་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གཉིས་ཚོགས་འདུར་ཞུགས།
ལིའུ་ལེ་ཧུང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་འཕེལ་རྒྱས་དང་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ”དང“གྲངས་ཀའི་དཔལ་འབྱོར་དུས་རབས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་བྱེད་པར་ངོས་ཟིན་ཟབ་མོ་བླངས་ཏེ།གྲངས་ཀའི་དཔལ་འབྱོར་གྱི་རྩིས་ཤུགས་རྨང་གཞི་སྒྲིག་བཀོད་སྲ་བརྟན་དུ་གཏོང་བ”དང“རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བ་མྱུར་དུ་འཛུགས་སྐྲུན་བྱེད་པ”སོགས་ཀྱི་ཕྱོགས་ནས་ཚང་མར་གསལ་འགྲེལ་བྱས།
ཁྲེན་ཀང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་ཅིང་གསུང་བཤད་གལ་ཆེན་གནང་སྟེ།སྐྱེ་ཁམས་དམིགས་སུ་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད།མཚོ་སྔོན་གྱིས་ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་གཏོང་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཐུན། བྱ་བ་ཁ་ཤས་ལེགས་འགྲུབ་འབྱུང་བསམ་ན། བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་གཏོང་བ་དེ་མཚོ་སྔོན་ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཁ་ཕྱོགས་གཙོ་བོ་བྱེད་པ་དང་། ལྗང་མདོག་རྩིས་ཤུགས་དེ་འཕེལ་རིམ་གསར་པར་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་ཁག་ཁུར་དང་བྱ་བའི་ཕན་འབྲས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་བརྩེར་དྲིན་གཟོ་དགོས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཡོངས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་འཚམ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཁྲོད་འཐབ་ཇུས་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། “ཤར་གྲངས་ནུབ་རྩིས”ཀྱི་ལས་གཞི་ལག་བསྟར་ཟབ་མོ་བྱེད་ཅིང་། ལྗང་མདོག་གློག་ཤུགས་དར་བ་དང་། མ་རྩའི་དགེ་མཚན་མངོན་གསལ་ཡིན་པ། འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཞན་ཆ་དང་མི་འདང་ས་མགྱོགས་མྱུར་སྒོས་ཁ་གསབ་བྱས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལྗང་མདོག་རྩིས་ཤུགས་དྲ་རྒྱ་འཛུགས་སྐྲུན་བྱེད་པར་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུ་དགོས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་གཏོང་བ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཕེལ་རྒྱས་གཏོང་བའི་ཐབས་ལམ་དང་འཚམ། མཚོ་སྔོན་གྱི་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་འདི་དམ་འཛིན་གང་ལེགས་དང་གོ་སྐབས་གལ་ཆེན་དམ་འཛིན། ལས་འགན་ཁུར་དུ་ལེན་པ་བཅས་བྱས་ཏེ། ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ཤུགས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། དེར་བརྟེན་ནས་གཞི་གྲངས་སྲིད་གཞུང་དང་གཞི་གྲངས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་ཁྲིད་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་སྟེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
མཚོ་སྔོན་དུ་སྡོད་སྐབས། ལིའུ་ལེ་ཧུང་ཀྲུང་གོའི་གློག་འཕྲིན(རྒྱལ་ཁབ)གཞི་གྲངས་ཀྱི་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། ཀྲུང་གོའི་སྤོ་འགུལ(མཚོ་སྔོན)མཐོ་སྒང་གི་གཞི་གྲངས་ཆེན་མོའི་ལྟེ་གནས། རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ཝུའུ་ཞིའི་ལྟེ་གནས་ཀྱི་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས། ཀྲུང་གོའི་ལེན་ཐུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་གཞི་གྲངས་ཆེན་མོའི་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ཤུགས་བཀོད་གཏོང་ལྟེ་གནས་བཅས་སུ་སོང་ནས་བརྟག་ཞིབ་བྱས། །