ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

ཟླ1པའི་ཚེས19ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཟླ1པའི་ཚེས19ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི390ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི371ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཀང་གིས་མགོ་འཛིན་བྱས་ཤིང་གཏམ་བཤད་གནང་།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའམ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་རུའེ་ཧྥེང་དང་།ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། དབྱི་ཧྲུའུ་ཆང་། ཝང་ལི་མིང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝུའུ་ཞའོ་ཅུན་དང་རྡོ་རྗེ་རབ་བརྟན། མགོན་པོ་བཀྲ་ཤིས། ཡུས་ཚུང་ལེ། ཝང་ཝེ་ཏུང་། ཚེ་རིང་ཐར་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད་པ་རེད།

ཚོགས་ཆེན་སྟེང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་དང་ཀྲུང་དབྱང་གིས་མིང་བཏོན་པའི་འདེམ་སྒུག་པ་ཚའེ་ཆི་སོགས་བློ་མཐུན24བདམས་ཐོན་བྱུང་བ་རེད།

ཚོགས་ཆེན་སྟེང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་སྤྱད་དེ། ཁྲེན་ཀང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལ་བདམས། ཝང་ལི་མིང་དང་དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་པ་དང་། ཝང་ཝེ་ཏུང་དང་ཚེ་རིང་ཐར། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཧོ་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པར་བདམས། ཝང་དབྱང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། ཀྲང་ཙེ་ཅུན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས། ཀྲ་ཆིང་ཅིའུ་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལ་བདམས་པ་རེད། ཐེངས་འདིའི་གྲོས་ཚོགས་ཐོག་བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ནི་ངེས་པར་དུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བརྒྱུད་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་པའི་སྙན་སེང་ཞུ་དགོས།

ཚོགས་ཆེན་གྱིས་ཁྲེན་ཏུང་ཁྲང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། བློ་མཐུན65མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་མི་སྣས་དམངས་ཆེན་གྱི་འཐུས་མི་ཡོངས་ལ་ངོ་འཕྲད་གནང་། ཁྲེན་ཀང་གིས་སྣེ་ཁྲིད་པའི་དམ་བཅའི་འོག་གསར་དུ་བདམས་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེན་མོ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་དང་ཧྲེང་ཀྲང་གཞོན་པ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བཅས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག

ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མིའི་མིང་ཐོ། དེ་མིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི2022ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2023ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་བཅས་ལ་རིམ་པ་བཞིན་གྲོས་འཆམ་བྱུང་བ་རེད།

ཁྲེན་ཀང་གིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་མངག་བཅོལ་ཡིད་ལ་བཅངས་པའི་ཚོགས་ཆེན་ཞིག་རེད། སེམས་ཤུགས་གཅིག་བསྡུས་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད་ལ། བདེན་འཚོལ་དངོས་གཉེར་དང་སྤྱོད་གཙང་སྲོལ་བཟང་གི་ཚོགས་ཆེན་ཞིག་ཀྱང་རེད། ཚོགས་ཆེན་གྱི་སྐབས་སུ། འཐུས་མི་ཡོངས་ཀྱིས་མི་དམངས་ཀྱིས་བཅོལ་བའི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ནས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་མོ།ལས་འགན་གྱི་ཁག་ཁུར་དྲག་པོ་བཅས་ཀྱིས་ནན་ཏན་གྱིས་ལས་འགན་ལག་བསྟར་བྱས་པས། བརྩོན་པ་ཆེར་བསྐྱེད་དང་དཔའ་ངར་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར་མངོན། ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པའི་གོ་གནས་མི་འཁུར་བའི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། འཐུས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་དགོས་པའི་འབོད་སྐུལ་རླབས་ཆེན་བཏོན་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡག་པོ་བཀོད་པས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་བསམ་བློ་སྔར་བས་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱུང་ཡོད། མི་དམངས་ཀྱི་རེ་སྒུག་ནི་ང་ཚོས་འབད་འཐབ་བྱེད་པའི་དད་སེམས་ཡིན་པ་དང་། ལས་འགན་གྱི་འབོད་སྐུལ་ནི་ང་ཚོ་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་དང་བྱ་སྤྱོད་དམ་འཛིན། བློ་སྟོབས་ཆེར་བསྐྱེད་བཅས་ཀྱིས་འཐབ་ལམ་གསར་པར་འབད་པས་བསྐྱོད་དགོས།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པར། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དོ་སྣང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”དངོས་གནས་ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”བརྟན་པོར་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཐོག བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་སྣང་བདེ་ཞིང་བློ་ཡིད་ཚིམ་པའི་རྒྱུགས་ལན་གསར་པ་ཞིག་སྤྲོད་དགོས། འཐབ་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པར། འགན་འཁྲི་གཙང་སྒྲུབ་དང་འགན་འཁྲིའི་འཁུར་སེམས་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་ཁྲོད་རང་རྟོན་རང་སྤེལ་དང་འབད་འབུངས་ལྷུར་ལེན་བྱེད་དགོས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་མཚམས་དང“སྔར་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྒྱུས་ལོན་དང་ངོས་འཛིན་ཚད་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གསར་པ་ཕྲག་ཏུ་འཁུར་བའི་འགན་ཁུར་ཨང་དང་པོར་བརྩིས་ཐོག འཆར་འགོད་གཅིག་ལག་ལེན་མཐིལ་ཕྱིན་བསྟར་ནས་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི”བསྐྲུན་པ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱིས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱས་ནས་མགོ་ལེགས་པོ་ཞིག་འཛུགས་པ་དང་། ལག་ལེན་དང་མི་དམངས་དང་ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་གསར་པ་ཧུར་བརྩོན་གྱིས་བསྐྲུན་དགོས། འཐབ་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པར། སྙིང་སྟོབས་ཆེར་སྐྱེད་ཀྱིས་སླར་ཡང་ལམ་ལ་ཆས་པ་དང་། ཞུམ་མེད་འཐབ་རྩོད་ཀྱིས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་བརྩོན་འགྲུས་དོན་གཉེར་བྱ་རྒྱུ་དེ་བསམ་པའི་དར་སྲོལ་ཞིག་ཏུ་འགྱུར་བར་བྱེད་པ། བདེན་འཛིན་དངོས་སྒྲུབ་དང་དཀའ་སྤྱད་དངོས་གཉེར་བྱེད་པ་དེ་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པར་བྱེད་པ་དེ་གཤིས་རྒྱུད་མངོན་གསལ་དུ་འགྱུར་བ་བྱས་ཐོག འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ནུས་ཆེ་རུ་གཏོང་བ། ཚད་མཐའི་བསམ་གཞིག་བརྟན་པོར་གཏོང་བ་བཅས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྒྱལ་ཁ་ལེན་གང་ཐུབ་བྱས་ནས། མི་བརྒྱ་སེམས་གཅིག་དང་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས།

ཁྲེན་ཀང་གིས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པར་སྔར་བས་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་སྟེ། དམངས་ཆེན་གྱིས་བྱ་བ་སྒྲུབ་པ་དང་དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་ནན་ཏན་བྱས་ནས། དངོས་གནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གཅིག་གྱུར་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། རིམ་པ་སོ་སོའི“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག་དང་ཁང་གཉིས”ཀྱིས་རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་ལྟ་ཞིབ་བྱེད་པ། དྲང་གཞག་སྒོས་ཁྲིམས་འཛིན་པ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཚོགས་ཆེན་གྱིས་འབོད་སྐུལ་བཏོན་དོན། མཚོ་སྔོན་གྱི་འདས་སོང་ནི་ང་ཚོ་ཐུན་མོང་གི་འོད་སྟོང་འབར་བ་དེ་ཡིན་ལ། མཚོ་སྔོན་གྱི་མཛེས་སྡུག་གི་མ་འོངས་པར་ད་རུང་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོ་སྔར་བས་མཐུན་སྒྲིལ་དམ་པོ་དང་ཡིད་ཆེས་བརྟན་པོ། དཔའ་ངར་ཞུམ་མེད། དངོས་གཉེར་སྤྱོད་ཚུལ་བཅས་ལ་བརྟེན་ནས། མཐུན་སྒྲིལ་སེམས་གཅིག་དང་དཀའ་སྤྱད་འབད་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།

ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་།ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་གཞོན་པ།མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ཅུན་རིམ་པའི་དམག་དཔུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་ཆེན་ལ་ཞུགས་པ་དང་ཟུར་ཞུགས་བྱས་པར་མ་ཟད།ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན།ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་ལས་ཁུངས་ཁོངས་མིའི་འགན་འཁུར་བློ་མཐུན།ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་དབྱངས་ཁྲོད་གྲོལ། །

ཡང་གནས་ཚུལ་འབྱོར་གསལ།ཟླ1པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི390ཡོད་པ་དང་།དངོས་སུ་ཞུགས་པའི་འཐུས་མི372ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད9ཡི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་དབྱངས་རྟའི་ཁྲོད་ནས་ཚོགས་ཆེན་དངོས་སུ་འཚོགས་མགོ་བརྩམས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཀང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་རུའེ་ཧྥེང་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥེང་། དབྱི་ཧྲུའུ་ཆང་། ཝང་ལི་མིང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།པད་མ་དང་མགོན་པོ་བཀྲ་ཤིས། ཡུས་ཚུང་ལེ། ཀྲང་ཀོང་རུང་། ཝང་ཝེ་ཏུང་། ཚེ་རིང་ཐར། མ་ཝེ། ཝུའུ་ཧའེ་ཁུན། ཁོང་ཡུང་། དབྱང་ཧྥེང་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཧོ་ལུའུ་ཁྲུན། རིན་ཆེན་རྣམ་རྒྱལ། ཝང་ཞོན། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། མ་ཧྥེང་ཧྲེང་། རྣམ་རྒྱལ། ཝང་ཏེ་ཅུན། ཀྲང་ཙེ་ཅུན། ཀྲ་ཆིང་ཅིའུ་སོགས་ཀྲུའུ་ཞི་སྟེགས་བུར་བསྡད་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།

སྤྲོ་སེམས་ཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ《སྲིད་གཞུང་བྱ་བའི་སྙན་ཞུ》ཕུལ། སྙན་ཞུ་ལ་ཁག་གསུམ་ཡོད་དེ། དང་པོ་ནི་འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱིར་རྟོག་དང་། གཉིས་པ་ནི་མ་འོངས་པའི་ལོ་ལྔའི་བྱ་བའི་རིགས་ལམ་དང2023ལོའི་ལས་འགན་གཙོ་བོ། གསུམ་པ་ནི་ཕྱོགས་ཡོངས་ནས་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཡིན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། 2018ལོའི་ཚུན་ཆད་ཀྱི་ལོ་ལྔ་ནི་རྒྱུན་ལྡན་དང་རང་ག་བ་ཞིག་མ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད་ལ། ལག་ལེན་གྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོ་བའི་མཐོང་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་དུ་ཐེངས་གཉིས་ལ་སྐུ་དངོས་སུ་རྟོག་ཞིབ་ཏུ་ཕེབས་ཤིང་། རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཞིག་བཏོན་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་ཤིང་སྒུལ་ཤུགས་ཆེན་པོ་བསྩལ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ལོ་རྒྱུས་ཀྱི་གནས་གསར་པ་ཞིག་ཏུ་འགྲེང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལས་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། “དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། འཆར་གཞིའི་རི་མོ་བཀོད་ཅིང་མཛེས་སྡུག་གི་རེ་སྨོན་བསྐྲུན། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་། ཞིང་ཆེན་ཏང་ཨུའི་ཐད་ཀའི་མགོ་ཁྲིད། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་རྒྱབ་སྐྱོར་བཅས་ཀྱི་འོག་ཏུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་བྱས་ཏེ། དྲིན་གཟོའི་ཧུར་སྐྱེད་དང་དཀའ་སྤྱད་མདུན་སྐྱོད། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་ལྟར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པ་མངོན་འགྱུར་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སྙིང་སྟོབས་དང་སྤོབས་པས་ཁེངས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་སྐྱོད་བཞིན་ཡོད། ཉེ་བའི་ལོ་ལྔ་ནི་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ། ཐོན་ལས“གནས་བཞི”ཡི་འཛུགས་སྐྲུན་བརྟན་བརླིང་གིས་འཕེལ་བ། བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་གཏོད་ནུས་པ་ཆེས་ཆེར་འཕེལ་བ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་བ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་བའི་ལོ་ལྔ་ཡིན། འདས་མ་ཐག་པའི2022ལོར། རང་ཞིང་གིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དོན་འཁྱོལ་དངོས་འབེབས་བྱེད་པར་སྐུལ་འདེད་དང་། དཔལ་འབྱོར་ལུགས་མཐུན་གྱི་བར་སྟོང་དུ་འཁོར་རྒྱུག་དང་། འཕེལ་རྒྱས་ཀྱི་སྤུས་ཀ་བརྟན་བརླིང་གིས་མཐོར་འདེགས། ཚན་རྩལ་གསར་གཏོད་ཀྱི་ཕན་འབྲས་མངོན་པར་གསལ་བ། ལས་ཞུགས་དང་དངོས་གོང་རྩ་བའི་ཆ་ནས་བརྟན་པར་གནས་པ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ནུས་ལྡན་ཐོབ་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་བརླིང་ཡོང་བར་བྱས་ཤིང་། ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་གཏན་འཁེལ་བྱས་པའི་ལོ་ལྔའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རང་ག་བ་མ་ཡིན་པའི་འདས་པའི་ལོ་ལྔ་ལ་ཕྱིར་བལྟ་བྱས་ན། ང་ཚོས་དཀའ་ཁག་མང་པོ་ཁྱད་དུ་གསོད་ཐུབ་པ་བྱུང་བ་དང་། ཐོབ་དཀའ་བའི་འཕེལ་རྒྱས་དང་ཡར་རྒྱས་བྱུང་དོན་གྱི་ཆེས་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་ཡོད་པ་བཅས་ཀྱིས་ཡིན་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་གི་སྐབས་རིམ་པའི་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གིས་བཏིངས་པའི་རྨང་གཞིའི་སྟེང་ནས་མུ་མཐུད་དུ་འབད་བརྩོན་བྱས་པའི་མཇུག་འབྲས་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་སྟོབས་ལྡན་ནུས་ལྡན་གྱི་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་པའི་མཇུག་འབྲས་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་མཇུག་འབྲས་ཀྱང་ཡིན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན། ང་ཚོས་ཏང་གི་དར་ཆའི་འོག་ནས་སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས། གསར་འབྱེད་གསར་གཏོད། ཡར་རྒྱས་བརྩོན་ལེན་བྱས་ཏེ། གོམ་འགྲོས་བརྟན་པོས་དུས་རབས་གསར་པར་བསྐྱོད་དེ་འཐབ་ལམ་གསར་པར་སྙེག་དགོས། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མཚོ་སྔོན་གྱི་ས་གཞིའི་སྟེང་ལ་ལེགས་པར་འབྲི་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་འདི་ཁོང་དུ་ཆུད་པར་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་ཞིག་སྙེག་དགོས། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་དེ་ལ་འདྲེས་སུ་བཅུག་སྟེ། འཆར་གཞིའི་རི་མོ་དེ་མི་དམངས་ཀྱིས་རེ་སྨོན་བྱེད་པའི་དངོས་ཡོད་འཚོ་བར་བསྒྱུར་བར་འབད་བརྩོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ནས། ང་ཚོས་སྤུས་མཐོའི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་གཙིགས་མཐོང་བྱེད་རྒྱུ་དང་། སྔར་ལས་ལྷག་པར་མི་དང་རང་བྱུང་གི་འཆམ་མཐུན་མཉམ་སྐྱེས་ལ་གཙིགས་མཐོང་བྱེད་རྒྱུ། སྔར་ལས་ལྷག་པར་འཕེལ་རྒྱས་གསར་པའི་རྣམ་པ་ལ་ཞབས་ཞུ་དང་དེའི་ཁྲོད་འདྲེས་སུ་འཇུག་པར་གཙིགས་མཐོང་བྱེད་རྒྱུ། སྔར་ལས་ལྷག་པར་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ཤུགས་དྲག་གཏོང་བར་གཙིགས་མཐོང་བྱེད་རྒྱུ། སྔར་ལས་ལྷག་པར་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱེད་པར་གཙིགས་མཐོང་བྱེད་རྒྱུ། སྔར་ལས་ལྷག་པར་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་གཙིགས་མཐོང་བྱེད་རྒྱུ་བཅས་ཧུར་ཐག་གིས་ནུས་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་མགོ་ཚུགས་པའི་ལོ་ཡིན་པ་དང་། སྐབས་གསར་པའི་སྲིད་གཞུང་གིས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་ཡིན་ལ།“ལྔ་བཅུ་བཞི”ཡི་འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་ཞིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་ལོ་གལ་ཆེན་ཞིག་ཡིན་པ་རེད། སྲིད་གཞུང་བྱ་བའི་སྤྱི་ཁོག་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས།ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྔར་ལས་བཟང་བོས་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་བཟང་བོས་གཅིག་གྱུར་འཆར་འགོད་བྱེད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ནས་བསྐྲུན་པ། ཐོན་ལས“གནས་བཞི”མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱས་ནས། བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ་ཡོང་བ། དངོས་གོང་བརྟན་པོ་ཡོང་བ་བཅས་ཀྱི་བྱ་བ་མངོན་གསལ་དོད་པོས་ཡག་པོར་སྒྲུབ་པ་དང་། ནུས་ལྡན་གྱིས་ཉེན་ཁ་ཆེན་པོ་འགོག་ཟོན་བྱས་ནས་སེལ་བ། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་ནུས་ལྡན་གྱིས་མཐོ་འདེགས་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་རྒྱུ་མངོན་འགྱུར་ཡོང་བ་བཅས་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་འབད་པས་རྩོམ་དགོས།

ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེད་སྤྱིའི་རིན་ཐང5%ཡས་མས་འཕར་བར་བྱས་ཏེ། སྔར་ལས་བཟང་བའི་གྲུབ་འབྲས་འཐོབ་པར་བརྩོན་ལེན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི6ཡན་གསར་དུ་ལས་ཞུགས་ཐུབ་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི106ལས་ཞུགས་གཞན་བསྒྱུར་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད3.5%ནང་ཚུན་དང5.5%ཡས་མས་སུ་ཚོད་འཛིན་ཐུབ་པ། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་འདྲ་ཡིན་དགོས་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་འཛིན་དགོས། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི107ཡན་སྲུང་འཛིན་བྱེད་དགོས། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུད་དང་། རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུ་སྤུས་བརྟན་པོའི་ངང་རིགསIIཡན་དུ་རྒྱུན་སྲུང་ཐུབ་པ་བྱས་ནས། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་དུ་སླེབས་པ། ནུས་ཁུངས་ཟད་གྲོན་འགྲོ་ཚད“ལྔ་བཅུ་བཞི”ཡི་འཆར་འགོད་ཀྱི་དུས་ཡུན་ནང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་ཚད་ནང་གཅིག་གྱུར་འཆར་འགོད་ཀྱིས་ལེགས་འགྲུབ་བྱ་རྒྱུ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་ཉུང་གཏོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་ཚད་ནང་དུ་ཚོད་འཛིན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། གོང་དུ་བརྗོད་པའི་དམིགས་འབེན་བླང་བྱར་དམིགས་ཏེ། ཕྱོགས་བདུན་གྱི་བྱ་བ་གཙོ་གནད་དུ་ལེགས་པར་འཛིན་དགོས། གཅིག་ནི་མ་དངུལ་གཏོང་ཚད་ཆེ་རུ་བཏང་ནས་འཛད་སྤྱོད་བྱེད་ཤུགས་ཇེ་ཆེ་དང་གདོས་གཟུགས་སྟོབས་ཆེར་གཏོང་དགོས་ཤིང་། དཔལ་འབྱོར་ཁྱོན་ཡོངས་ནས་སླར་གསོ་དང་།སྤུས་འདེགས་ཕན་སྤར་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་མ་དངུལ་འཇོག་པ་དང་སྲིད་ཇུས་ཀྱིས་སྐུལ་མ་གཏོང་བ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་མ་དངུལ་གཏོང་བར་སྐུལ་ཁྲིད་ནུས་ལྡན་བྱེད་པ་དང་། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་དམིགས་བསལ་གྱི་གོ་གནས་སུ་འཇོག་པ། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། གཉིས་ནི་ཐོན་ལས་ཀྱི་འབྲེལ་ཐག་དང་གསར་གཏོད་ཀྱི་འབྲེལ་ཐག་མཉམ་འདྲེས་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས། ཐོན་ལས་མ་ལག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་འདེགས་པ། ཚན་རྩལ་གསར་སྐྲུན་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་འདེགས་པ་དང་། གསར་དར་ཐོན་ལས་མགྱོགས་མྱུར་གྱིས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་རིམ་སྤར་ལ་དམ་འཛིན་ནན་པོ་བྱེད་དགོས། གསུམ་ནི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ནས་བཏོད་དེ“ཀྲུང་ཧྭའི་ཆུ་ལྕོག”ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། བཞི་ནི་བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས། ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བཞིན་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”དངོས་འབེབས་དོན་འཁྱོལ་ཏན་ཏིག་བྱས་ནས། ཁྱབ་ཁོངས་གཙོ་བོའི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་དགེ་མཚན་གསར་པ་གཏོད་ཅི་ཐུབ་བྱེད་དགོས། ལྔ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ནུས་ལྡན་སྒོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་དགོས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་།མི་ལྟེ་བར་འཛིན་པའི་དཔེ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ། ས་ཁོངས་འཕེལ་རྒྱས་གཏོང་བའི་འཕར་སྣེ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། དྲུག་ནི་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ལས་ཞུགས་ལས་གཏོད་དང་ཡོང་སྒོ་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་ངང་ལེགས་པོར་གཉེར་བ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་སྒོ་མོ་ནས་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོམ་སྟབས་བརྟན་པོའི་ངང་མཐོ་རུ་གཏོང་བ། མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བྱེད་དགོས། བདུན་ནི་སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་འབུར་དུ་ཐོན་པ་བྱས་ནས། བདེ་འཇགས་དང་འཆམ་མཐུན།བརྟན་བརླིང་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་ཅིག་སྟོབས་ཤུགས་གཅིག་བསྡུས་ཀྱིས་བསྐྲུན་དགོས། འབྲུ་རིགས་དང་ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་གནད་ཁེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འགོག་ཟོན་དང་། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་བྱ་བ་མྱུར་དུ་དམ་འཛིན་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ང་ཚོས་སྔར་མུས་བཞིན་བཟོ་ཚོགས་དང་།གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོ་ཚོགས་པ་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཕྱི་དོན་ཕྱིར་སྡོད་རང་མི་དང་།ཞང་ཀང་ཨའོ་མོན།ཐའེ་ཝན་བཅས་དང་།གསར་འགྱུར་དཔེ་སྐྲུན།སྤྱི་ཚོགས་ཚན་རིག་བློ་འདྲི།རིག་གནས་ལོ་རྒྱུས་དང་། ས་གནས་ཀྱི་ལོ་རྒྱུས་དེབ་ཐེར།ཡིག་ཚགས་སོགས་ཀྱི་བྱ་བར་ཉམས་འགྱུར་གསར་པ་སླར་ཡང་མངོན་པར་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་།“ངེས་པར་གསུམ”ཡིད་ལ་བརྟན་པོར་ངེས་པ། ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བྱེད་པ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དོ་སྣང་བྱེད་པ། ཁྲིམས་ལྟར་སྲིད་འཛིན་ཚད་གཞིར་གཙིགས་འཛིན་བྱེད་པ། སྤྱོད་ཚུལ་བསྒྱུར་ནས་སྔོན་ཐོན་བརྩོན་ལེན་བྱེད་པ། སློབ་སྦྱོང་དང་ལག་ལེན་མཉམ་འབྲེལ་གྱིས་ནུས་ཤུགས་བསྐྱེད་པ། སྤྱོད་གཙང་གཞུང་དྲང་ངང་ཚད་མཐའ་སྲུང་བ་བཅས་བྱས་ནས། མི་དམངས་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཞིག་ཧུར་བརྩོན་གྱིས་བསྐྲུན་དགོས།

ཝུའུ་ཞའོ་ཅུན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱེད་དགོས་པ་དང་། ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། སྙིང་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས།

ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིི་དོན་སྒྲུབ་ལས་ཁུངས་དང་བྱ་བའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་སོགས་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཡོད། །