ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

ཟླ1པའི་ཚེས18ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཟླ1པའི་ཚེས18ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ལས་འགན་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། མ་ཧྥེང་ཧྲེང་། ལི་ཞའོ་ནན། ཐེན་ཁུའེ།ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝུའུ་ཞའོ་ཅུན་དང་པད་མ། ཁྲེན་རུའེ་ཧྥེང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥེང་། དབྱི་ཧྲུའུ་ཆང་བཅས་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན391ཡོད་པ་དང་།མཇུག་སྒྲིལ་བའི་ཚོགས་ཆེན་ལ་ཞུགས་པའི་ཨུ་ཡོན337ཡོད་པས། གཏན་འཁེལ་གྱི་མི་གྲངས་དང་མཐུན།

མགོན་པོ་བཀྲ་ཤིས་ཀྱིས་མཇུག་སྒྲིལ་བའི་ཚོགས་ཆེན་ལ་མགོ་འཛིན་བྱས།

ཚོགས་ཆེན་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ།སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་རེ་རེ་བཞིན་གྲོས་འཆམ་བྱུང་།

ཁྲེན་ཀང་གིས་གཏམ་བཤད་སྐབས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། གསར་དུ་བདམས་པའི་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རྒྱུན་ལས་ཨུ་ཡོན་དག་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ལས་གནས་ལས་བབས་པའི་བློ་མཐུན་རྒན་པ་དང་སྲིད་གྲོས་ཨུ་ཡོན།ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་བླ་མེད་གུས་འདུད་ཞུས་པ་དང་བཀའ་དྲིན་ཆེ་ཞུས།

ཁྲེན་ཀང་གིས་བསྟན་དོན། འདས་པའི་ལོ་ལྔའི་ནང་། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ།དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ལ་ཕན་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། མ་འོངས་པའི་ལོ་ལྔ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པར་མགོ་ཚུགས་པའི་གནད་འགག་དུས་སྐབས་ཡིན་པ་དང་།བབ་བསྟུན་མདུན་སྐྱོད་དང་བྱ་བ་བཟང་པོར་སྒྲུབ་པའི་ལོ་ལྔ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ལག་བསྟར་བྱེད་པའི་བསམ་ཕྱོགས་དང་བྱ་བའི་གནད་ས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྟེང་གཅིག་སྡུད་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བཏོན་པའི་འཆར་བཀོད་ཆེན་མོ་དངོས་འབེབས་བྱེད་པ་དང་གཅིག་སྡུད་བྱེད་དགོས་ལ། ཏང་གི་མགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་འདི་ཉིད་རྒྱུན་འཁྱོངས་བྱེད་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་དེ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་ནས་ལག་བསྟར་བྱེད་པ།མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་ལྟ་ཚུལ་དང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། དར་ཆ་མཐོན་པོར་བསྒྲེངས་ནས་འཐབ་ལམ་གསར་པར་འབད་པས་བསྐྱོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དེ་སྲིད་གྲོས་བྱ་བར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩིས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས་ལ།རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བསམ་བློའི་ཐད་ནས་བློ་སེམས་གཅིག་མཐུན་བྱེད་པ་དང་། དམིགས་འབེན་ཐད་ནས་བསམ་ཕྱོགས་གཅིག་མཐུན་བྱེད་པ། འགུལ་སྐྱོད་ཐད་ནས་བསམ་སྦྱོར་གཅིག་མཐུན་བྱེད་དགོས་པར་མ་ཟད། ཀྲུང་དབྱང་གི་འབོད་སྐུལ་ཡོད་ན་ཞིང་ཆེན་ཏང་ཨུ་ལ་བཀོད་སྒྲིག་ཡོད་པ་དང་།སྲིད་གྲོས་ལ་འགུལ་སྐྱོད་ཡོད་པ་ཞིག་བྱེད་དགོས། ལག་རྡང་སྦྲེལ་ཏེ་མཉམ་དུ་འགན་འཁྲི་གསར་པ་ཁག་ཁུར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་ཆེན་པོ་ལག་བསྟར་དང་དངོས་འབེབས་བཟང་པོ་བྱས་ཏེ།ཧུར་ཐག་དང་རང་འགུལ་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པ། དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་དངོས་གཉེར་ཇུས་གཞི་གང་མང་བཏོན་ནས།སྲིད་གྲོས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱིས་གྲུབ་འབྲས་གསར་པ་མངོན་པར་བྱེད་དགོས། ནུས་ལྡན་སྒོས་ལམ་ལུགས་ལེགས་ཆ་སྤྱད་དེ་ཆེས་ཆེ་བའི་སྤྱིའི་མཐུན་ཆ་འཚོལ་བ་དང་ཆེས་ཆེ་བའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

ཏང་ཨུ་དང་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ཐུན་མོང་གི་ངོས་ཟིན་རྒྱ་བསྐྱེད་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་དགོས་པ་དང་། དཀའ་གནད་སེལ་བ་དང་སྤྲོ་སྣང་འཕེལ་བའི་བྱ་བ་གང་མང་བསྒྲུབ་དགོས་ཤིང་། འགལ་བ་ཞི་འཇགས་སུ་གཏོང་བ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་བྱ་བ་གང་མང་བསྒྲུབ་དགོས་པར་མ་ཟད།མཐོ་སྒང་གི་རིགས་སོ་སོའི་བུ་དང་བུ་མོའི་བློ་གྲོས་དང་སྟོབས་ཤུགས་དེ་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་གཅིག་སྡུད་བྱེད་པ་དང་། རྡོག་རྩ་གཅིག་སྒྲིལ་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་རྩ་དོན་ལྟར། མི་དམངས་སྲིད་གྲོས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་ལྟར་རང་རྐྱ་འཕེར་བར་འགན་འཁུར་བ་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་།རང་རྟོགས་སྒོས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དེ་ལས་རིམ་གལ་ཆེན་གྱི་ཇུས་ཆོད་གོ་རིམ་དུ་བཞག་སྟེ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་དགོས། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཁ་མིན་དོན་གྱིས“སྲིད་གྲོས་ལ་རྒྱུས་ལོན་ཡོད་པ་དང་གླེང་མོལ་བྱེད་ཤེས་པ།སྲིད་གླེང་བར་མཁས་པ། སྒྲིག་ལམ་སྲུང་བ། སྒྲིག་སྲོལ་བརྩི་བ། སྤྱོད་ཚུལ་ལེགས་པ”བཅས་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་གཏམ་བཤད་སྐབས་བསྟན་དོན། འདས་པའི་ལོ་ལྔའི་ནང་། སྲིད་གྲོས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས་པ་དང་རྣམ་པ་གསར་པ་མངོན་ཡོད། དེར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་མགོ་ཁྲིད་ཚན་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་ཀྱི་རྔུལ་ཆུ་བཏོན་ནས།སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ལག་བསྟར་གང་ལེགས་བྱེད་པར་བྱ་བའི་རྨང་གཞི་བརྟན་པོ་བཏིང་ཡོད། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་དམིགས་ནས་འགན་འཁྲི་ལག་བསྟར་བྱས་ཏེ།དོན་དངོས་ཀྱི་འགུལ་སྐྱོད་ལག་ལེན་ལས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་ལག་བསྟར་བྱས་ནས། ཏང་དང་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་སྤྲོད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ལས་འགན་ལག་བསྟར་བྱེད་པའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་རེ་བ་གསར་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས།ལངས་གནས་མཐོན་པོ་ནས་མི་དམངས་སྲིད་གྲོས་ཀྱིས“དངོས་འབེབས་བྱེད་པ་དང་གཅིག་བསྡུས་བྱེད་པ”ཡི་ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་པར་སྟབས་བདེ་བཟོ་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བར་ཤུགས་སྣོན་པ་དེ་ལས་འགན་ལག་བསྟར་བྱེད་པའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ།སྔར་ལས་བློ་སྤོབས་ཆེན་པོས་འཐབ་ལམ་གསར་པའི་སྟེང་འབད་པས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། མཐུན་སྒྲིལ་རྒྱ་ཆེར་ཇེ་ཟབ་ཏུ་གཏོང་བ་དེ་འགན་འཁྲི་ལག་བསྟར་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་དགེ་མཚན་དང་རྩ་འཛུགས་ཀྱི་ཁྱད་འཕགས་དགེ་མཚན།ལས་རིགས་ཀྱི་ཁྱད་འཕགས་དགེ་མཚན། ཨུ་ཡོན་གྱི་ཁྱད་འཕགས་དགེ་མཚན་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གྲོས་མོལ་དམངས་གཙོ་ཇེ་ཟབ་ཏུ་གཏོང་བ་དེ་འགན་འཁྲི་ལག་བསྟར་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས།དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ཆེ་ཕྱོགས་ལ་གཙོ་བོར་དམིགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུགས་གཞི་འདོན་པ་དང་སྲིད་གྲོས་ཀྱིས་ལན་འདེབས་པ། ཐབས་འདོན་ཇུས་འབུལ་བྱེད་པ། རིག་ནུས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་བྱ་བ་བཟང་པོར་བསྒྲུབ་དགོས། སྤྱོད་ཚུལ་ལེགས་བཅོས་བྱེད་པ་དེ་འགན་འཁྲི་ལག་བསྟར་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས།ཐོག་མཐའ་བར་གསུམ་དུ་དམ་འཛིན་ཐད་ཤུགས་སྣོན་པ་དང་། དངོས་གཉེར་ཐད་ནས་ཕན་འབྲས་ཐོན་པར་བྱས་ཏེ། ནན་ནན་ཏིག་ཏིག་གིས་འགན་འཁྲི་ལག་བསྟར་གྱི་གྲུབ་འབྲས་ལས་སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཁག་ཁུར་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱེད་དགོས།

གྲོས་ཚོགས་ཀྱིས་འབོད་སྐུལ་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཏུ། མཐུན་སྒྲིལ་གཅིག་གྱུར་དང་དོན་དངོས་དམ་འཛིན། འབད་འབུངས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ད་རུང་ཡུས་ཚུང་ལེ་དང་། ཝང་ལི་མིང་། ཉི་མ་སྒྲོལ་མ། ཉའོ་ཁྲེང་ཡུན། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། དབྱང་ཧྥེང་ཁྲུན།ལིའུ་ཐའོ། ལིའུ་ཁྲའོ། ཧོ་ལུའུ་ཁྲུན། ཀྲང་ཙེ་ཅུན། ཀྲ་ཆིང་ཅིའུ། དབྱང་ཁོ་ཞང་། དབྱང་ཀྲི་ཆང་སོགས་བསྡད་ཡོད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པ་མ་ཅི་ཞའོ་དང་། ཏུའུ་ཅེ། ཀྲང་ལི། མ་ཧེ་ཡིང་། ཏུའུ་ཏེ་ཀྲི་བཅས་གདན་ཞུ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་དབྱངས་ཁྲོད་ནས་གྲོལ། །

ཡང་གནས་ཚུལ་འབྱོར་གསལ།ཟླ་དང་པོའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན391ཡོད་པ་དང་མི342དངོས་སུ་ཞུགས་པས། གཏན་འཁེལ་གྱི་མི་གྲངས་དང་མཐུན།

དུས་ཚོད9ཡི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་འཚོགས་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། མ་ཧྥེང་ཧྲེང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ།གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཀྲེན་ཁྲང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན། རྡོ་རྗེ་རབ་བརྟན། པད་མ། ཁྲེན་རུའེ་ཧྥེང་། ཝང་ཝའེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད་ལ། གྲོས་ཚོགས་འཚོགས་པར་རྟེན་འབྲེལ་ཞུས།

མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བསྟན་དོན། འདས་པའི་ལོ་ལྔ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་པ་དང་།མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་པ་འབྱུང་བར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་བསྐྱོད་པའི་ལོ་ལྔ་ཡིན་ལ། རང་ཞིང་གི་སྲིད་གྲོས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་།སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་འདོན་སྤེལ་བྱས་པའི་ལོ་ལྔ་ཡིན་པ་དང་། ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་སྤྱིར་བཏང་མ་ཡིན་ལ། མཚོ་སྔོན་གྱི་ལོ་རྒྱུས་དང་མཚོ་སྔོན་སྲིད་གྲོས་ཀྱི་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན།ལོ་ལྔའི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་འབུར་དུ་ཐོན་པར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་ལས་འགན་ལ་དམ་པོར་སྦྲེལ་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་དང་།འགན་འཁྲི་ལག་བསྟར་ནན་མོ་བྱས་ལ།སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་། བྱ་བ་སྣ་ཚོགས་ཐད་ནས་འཕེལ་རིམ་གསར་པ་འབྱུང་བར་སྐུལ་འདེད་བཏང་ནས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་བྱས་རྗེས་གལ་ཆེན་བཞག་སྟེ།རང་ཞིང་གི་སྲིད་གྲོས་ལས་དོན་ཐད་རྣམ་པ་གསར་པ་བསྐྲུན་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་ཕྱོགས་ལྔ་ནས་འདས་པའི་ལོ་ལྔའི་བྱ་བར་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་སྤྱི་བསྡོམས་བྱས། ཁོས་བཤད་རྒྱུར། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བ་འབུར་དུ་དོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཀྱི་རྩ་བའི་ལས་འགན་དུ་བརྩིས་ལ།ཏང་ཙུའུ་གྲོས་ཚོགས་ཀྱི“གྲོས་དོན་དང་པོ”ཡི་ལམ་ལུགས་རྒྱུན་འཁྱོངས་བྱས་པ་དང་། སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་གཞུང་ལུགས་སློབ་སྦྱོང་ལམ་ལུགས་མ་ལག་བཙུགས་ལ། ཆེད་དོན་གཞུང་ལུགས་བགྲོ་གླེང་དང་དཔེ་ཀློག་བྱ་འགུལ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་བསླངས་པ་དང་། བརྟན་བརླིང་ཤུགས་ལྡན་གྱི་བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བརྒྱུད། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་ལས་འགན་གཞིར་བཟུང་ནས་གྲོས་མོལ་ཇུས་འབུལ་བྱས་པ་དང་།དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་དབུལ་ཐར་འགག་སྒྲོལ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་སོགས་ལ་དམིགས་ནས། བསྡོམས་པས་རིགས་མི་འདྲ་བའི་གྲོས་མོལ་སྲིད་གླེང་དང་བརྟག་ཞིབ་ལྟ་ཞིབ་བྱ་འགུལ་ཐེངས258རྩ་འཛུགས་བྱས་པ་དང་། ཁྱད་ཆོས་ལྡན་པའི་བྱ་བ་དང་གསར་གཏོད་བྱེད་ཐབས།འགན་སྒྲུབ་གྲུབ་འབྲས་མང་པོ་ལ་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གྱི་ཁས་ལེན་དང་སྤྱི་ཚོགས་ལས་རིགས་སོ་སོའི་གདེང་འཇོག་མཐོན་པོ་ཐོབ་ལ། ས་གནས་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་བསྒྱུར་བའི་ཐད་ནས་ཕན་འབྲས་སྔར་ལས་ཆེན་པོ་བླངས།ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་འགན་ནུས་གཏིང་ཟབ་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ལ་བསྡུས་ཤིང་། ཐུན་མོང་གི་འདུ་ཤེས་གཅིག་ཏུ་བསྡུ་བའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཤིང་།ཐུན་མོང་གི་འདུ་ཤེས་གཅིག་ཏུ་བསྡུ་བའི་ཕན་ལྡན་ཐེག་བྱད་གསར་གཏོད་བྱས་ལ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གྲོས་སུ་འགན་ནུས་སྔར་ལས་བཟང་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་པ་དང་།ཞང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་བྱ་བར་ཧ་ཅང་མཐོང་ཆེན་བྱས་ལ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་སྤུས་འབྲས་ཇེ་ཆེར་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལ་འཆར་འགོད་དང་ལག་བསྟར་བྱས་ལ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ“ཕྱིར་བལྟ”བྱེད་པའི་བྱ་བ་རྩ་འཛུགས་བྱས་ཏེ་སྤེལ་བ་དང་། ལམ་ལུགས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་།ཨུ་ཡོན་བྱ་བར་མངོན་གསལ་སྒོས་ཤུགས་བསྣན་ཞིང་། རྒྱུན་ལྡན་རང་བཞིན་གྱི་བྱ་བའི་ཆུ་ཚད་སྔར་ལས་མཐོན་པོར་སླེབས་པ་དང་། གཞི་རིམ་ལ་མཛུབ་སྟོན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ལ། སྲིད་གྲོས་ལས་ཁུངས་ཀྱི་སྤྱིའི་རྩོལ་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་།ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་ལག་བསྟར་གྲོས་འཆར་གཏན་འབེབས་བྱས་པ་དང་། ཐོག་མར་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁོངས་སུ་བཅུག་ལ།ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་བཙུགས་ཏེ། ཏང་གི་རྩ་འཛུགས་ཏང་ཡོན་ཨུ་ཡོན་ཡོངས་ལ་ཁེབས་པར་བྱས་པ་དང་ཏང་གི་བྱ་བ་སྲིད་གྲོས་ཨུ་ཡོན་ཡོངས་ཀྱི་སྟེང་ཁེབས་པར་བྱས་པས། ཏང་གིས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་བརྟན་ཞིང་ནུས་ཤུགས་ལྡན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ལྔའི་རིང་གི་འགན་སྒྲུབ་བརྒྱུད་རིམ་ལ་སྤྱི་བསྡོམས་བྱས་པ་ལས་སྲིད་གྲོས་བྱ་བ་བཟང་པོར་སྒྲུབ་པའི་ཕན་ཡོད་ཉམས་མྱོང་བདུན་ཐོབ་པ་སྟེ། ཏང་གིས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་གཞི་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ།ཆེད་དོན་གྲོས་མོལ་སྒྲིག་གཞིའི་འཛུགས་སྐྲུན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། དག་སྲུང་གསར་གཏོད་ཀྱི་སྤུས་འདེགས་ཕན་འཕར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། སྲིད་གྲོས་ཨུ་ཡོན་གྱི་གོ་གནས་གཙོ་བོ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མགོ་བཟང་པོ་རྩོམ་པའི་གནད་འགག་གི་དུས་སྐབས་ཡིན་པས།མི་དམངས་སྲིད་གྲོས་ཀྱི་བྱ་བ་བཟང་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་མགོ་ཁྲིད་དང་གཅིག་གྱུར་འཐབ་ཕྱོགས། གྲོས་མོལ་དམངས་གཙོ་བཅས་ཕན་ནུས་ལྡན་པར་དམ་དུ་སྦྲེལ་བ་རྒྱུན་འཁྱོངས་དང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས།ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་དང་ལེགས་ཆ་འདོན་སྤེལ་དང་། མཉམ་འབྲེལ་གྲོས་མོལ་ཟབ་མོ་བྱེད་པ་དང་བསམ་ཚུལ་འདོན་སྤེལ་གང་ལེགས་བྱེད་པ། ལྟ་བ་གཅིག་སྡུད་རྒྱ་ཆེར་བྱེད་པ་བཅས་ཀྱི་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་སུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

མགོན་པོ་བཀྲ་ཤིས་ཀྱིས་སྙན་ཞུ་འབུལ་སྐབས་རྗེས་ཕྱོགས་ཀྱི་གཙོ་གནད་བྱ་བ་ལྔ་བཏོན་པ་སྟེ། གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་བསམ་བློར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས།མི་དམངས་སྲིད་གྲོས་ཀྱི“དོན་འཁྱོལ་དང་གཅིག་སྡུད”ཀྱི་ཆབ་སྲིད་འགན་འཁྲི་དངོས་སུ་འཁུར་དགོས། གཉིས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་གྲོས་མོལ་བློ་འདོན་བྱེད་པར་དམ་དུ་དམིགས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་བརྟན་བརླིང་ཡོང་བར་རམ་འདེགས་བྱས་ཏེ།མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདོད་སྔར་ལས་བཟང་པོར་བསྐང་དགོས། གསུམ་ནི་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ཕྱོགས་ནུས་ཚད་ཆེན་པོ་རྒྱ་ཆེར་གཅིག་སྡུད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པས་བཀོད་པའི་རླབས་ཆེན་འཆར་གཞི་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་རེ་རེ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས།བཞི་ནི་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལག་ལེན་བསྟུད་མར་ཟབ་སྤེལ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་གསར་པ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། གྲོས་མོལ་དམངས་གཙོའི་ལག་ལེན་གསར་གཏོད་བྱེད་ཕོད་དགོས། ལྔ་ནི་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ།སྲིད་གྲོས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་སུ་བཏང་ནས། གལ་ཆེན་གསུམ་གྱི་ནུས་པ་བཟང་པོར་འདོན་པར་ཁག་ཐེག་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

ཏུའུ་ཏེ་ཀྲི་ཡིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ལོ་ལྔའི་རིང་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་སྡེ་ཚན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་གྲོས་གཞི2030སྤྲད་པ་དང་། དེའི་ནང་གྲོས་གཞི1494ཞིབ་བཤེར་བྱས་ཏེ་ཆེད་ཐོ་བཀོད། གྲོས་གཞིར་བསྒྲུབས་ལན་སྟེར་ཚད་དང་ཨུ་ཡོན་ཡིད་ཚིམ་ཚད100%རུ་སླེབས་ཏེ། གྲོས་གཞི་བྱ་བས་ཏང་སྲིད་ཇུས་ཆོད་ལ་ཞབས་འདེགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། དམངས་འཚོ་ཕྱུག་འགྱུར་དང་ལེགས་བཅོས་ལ་རོགས་སྐྱོར་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་བཟང་པོ་བྱས།

ཡུས་ཚུང་ལེ་དང་ཝང་ལི་མིང་། མ་ཝེ། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུང་། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། དབྱང་ཧྥུན་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ།ལི་ཧུང་ཡ། ཧོ་ལུའུ་ཁྲུན། ཀྲང་ཙེ་ཅུན། ཀྲ་ཆིང་ཅིའུ། དབྱང་ཁོ་ཞང་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཅི་ཞའོ་དང་།ཏུའུ་ཅེ། ཀྲང་ལི། ཀྲང་ཝུན་ཁུའེ། མ་ཧེ་ཡིང། དེ་མིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མ་ཀྲི་ཝེ་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད། །