ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ཀྲུང་གོ-ཨ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་སྐབས་བདུན་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ།

ཟླ9པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ-ཨ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་སྐབས་བདུན་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཡིབ་ཤུགས་ཀྱིས་ཁེངས་ཡོད་པས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ས་ཁོངས་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་ཞིན་ཅང་གིས་གནས་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་གཙོ་གནད་ཁུལ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། ཀྲུང་གོ་དང་ཨ་ཤེ་ཡ་དང་ཡོ་རོབ་ས་ཁུལ་གྱི་རྒྱལ་ཁབ་བར་ཕན་ཚུན་སྦྲེལ་མཐུད་དང་གཉིས་ཕན་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོབ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ལྷན་དུ། ཀྲུང་གོ-ཨ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་དེ་སྟེགས་བུ་བྱས་ཏེ། ཞི་བདེ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་ལ་སློབ་སྦྱོང་དང་ཟུར་ལྟ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། ཚད་གཞི་མཐོ་བ་དང་རྒྱུན་མཐུད་ཆོག་པ། དམངས་ལ་ཕན་པ་བཅས་རྒྱུན་འཁྱོངས་བྱས་ནས། ཨ་ཤེ་ཡ་དང་ཡོ་རོབ་མཉམ་ལས་ཀྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཨ་ཤེ་ཡ་དང་ཡོ་རོབ་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་ཐད་སྐུལ་འདེད་བྱེད་རྒྱུའི་མོས་འདུན་ཡོད།

ཀྲུང་གོ-ཨ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་སྐབས་བདུན་པ་ཉིན་དེར་ཞིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་མགོ་བརྩམས་པ་དང་། བརྗོད་དོན་ནི“མཉམ་གྲོས། མཉམ་སྐྲུན། མཉམ་སྤྱོད། མཉས་ལས་བཅས་ཀྱི་སྒོ་ནས་མ་འོངས་པར་ཁ་ཕྱོགས་དགོས”ཞེས་པ་དེ་རེད། ཚོང་དོན་པུའུ་དང་ཕྱི་འབྲེལ་པུའུ། ཀྲུང་གོ་ཉོ་ཚོང་སྐུལ་འདེད་ཚོགས་པ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།