ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་ཆ་དེ།ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན10རུ་བགོས་ཤིང་།བསྡོམས་པས་རྣམ་བཤད་དུམ་ཚན512ཡོད་ལ།དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་རང་ཉིད་ཀྱི2012ལོའི་ཟླ11པའི་ཚེས17ཉིན་ནས2022ལོའི་ཟླ6པའི་ཚེས8ཉིན་བར་གྱི་སྙན་ཞུ་དང་གསུང་བཤད།གསལ་བཤད།འཁྲབ་བཤད། གླེང་མོལ། རྟེན་འབྲེལ་ཞུ་ཡིག བཀའ་སློབ། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན240འདུས།དེའི་ཁྲོད་ཀྱི་རྣམ་བཤད་ཁ་ཤས་ཤིག་ཐོག་དང་པོར་ཡོངས་བསྒྲགས་ཀྱིས་སྤེལ་འགོད་བྱས་པ་རེད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།