ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཅིག་སྒྲིལ་རྫོང་གིས་སློབ་གསོའི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་པ།

▲རྫོང་ཨུའི་ཧྲུའུ་ཅི་བསོད་ནམས་སྟོབས་ཀྱིས་གཏམ་བཤད་གནང་བཞིན་པ།
▲རྫོང་དཔོན་སྒྲོལ་མ་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
▲སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་གནང་བཞིན་པ།
▲སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བཞིན་པ།
▲ཚོགས་རའི་ཡུལ་དངོས།
▲ཐེངས་འདིའི་ཚོགས་ཞུགས་མི་སྣའི་མཉམ་པར།

ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་སློབ་གསོའི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན།ཁུལ་རིམ་པའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། ད་དུང་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ།སློབ་གསོའི་སྤུས་ཚད་མཐོར་འདེགས་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ལེགས་པོར་བསྒྲུབས་ནས།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཅིག་སྒྲིལ་གསར་བ་འཛུགས་སྐྲུན་བྱེད་པར་འཇོན་མི་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱས།