ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ།

གསར་དུ་བཟོ་བཅོས་བརྒྱབ་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་རིམ་པ་སོ་སོའི་རིག་གནས་ཁྲོམ་རའི་ཁྲིམས་འཛིན་ལས་ཁུངས་དང་རིག་གནས་ཁང་། དཔེ་མཛོད་ཁང་སོགས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ཐད་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནར་མ་སོན་པའི་མིའི་སྲུང་སྐྱོབ་དྲ་ཡོལ་ཚགས་དམ་པོར་བཟོས་པ་དང་། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

“དར་ཆ་སྒྲེང་། དམངས་སེམས་སྒྲིལ། མི་གསར་སྐྱོང་། རིག་གནས་སྤེལ། སྣང་བརྙན་མངོན”ཞེས་པའི་འགན་འཁྲིའི་ལས་འགན་ལ་དམ་པོར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་གསོ་སྐྱོང་དང་ལག་ལེན་དུ་བསྟར་བ། འགན་ནུས་གཏན་ཁེལ་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ཏེ། བྱ་བའི་ལས་འགན་ཁུལ་དང་རྫོང་སོ་སོ་དང་དེའི་ཁོངས་གཏོགས་སྡེ་ཚན་གྱི་སྟེང་དུ་ཞིབ་བགོ་བྱས་པ་དང་། ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་འགན་འཁྲི་དང་ལས་འགན་དམིགས་འབེན་དོན་འཁྱོལ་ཡོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་དངོས་གནས་ཁུར་དུ་བླངས།

ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ནར་མ་སོན་པའི་མིའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དང་པར་སྐྲུན་དངོས་པོའི་ཁྲོམ་རའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་དང་ཟུར་ཁྲིད་སློབ་དེབ། སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཀློག་དེབ་ལ་གྲལ་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་སོ་སོའི་རིག་གནས་ཁྲོམ་རའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་གནས་ཚུལ་ལ་རྐང་འཛུགས་པར་ལྟ་སྐུལ་མཛུབ་སྟོན་བྱས་ནས། བཀག་སྡོམ་གྱི་ནང་དོན་འདུས་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་ལ་ཞིབ་བཤེར་ནན་མོ་བྱས་པར་མ་ཟད། ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་གཙོ་གནད་ས་ཁུལ་གྱི་པར་སྐྲུན་དངོས་པོ་སིལ་འཚོང་དང་སྡེབ་འཚོང་ཁྲོམ་རའི་ཚོང་གཉེར་སྡེ་ཁག་ལ་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་། གསར་རྙེད་བྱུང་བའི་གནད་དོན་ཅན་གྱི་པར་སྐྲུན་དངོས་པོ་དག་ཚོང་གཉེར་སྡེ་ཚན་ལ་དུས་ཐོག་ཏུ་དཔེ་སྒྲོམ་ནས་ཕྱིར་བླངས་ཏེ་བཀག་ཉར་བྱེད་དགོས་པའི་སྐུལ་མ་བཏང་སྟེ། སྤྱི་ལུགས་སྲོལ་བཟང་དང་འགལ་བའི་ཀློག་དེབ་སློབ་ར་དང་སློབ་མའི་ལག་ཏུ་འབྱོར་བ་མགོ་ཁུངས་ནས་འགོག་ཟོན་དང་གཏན་འགོག་བྱས།

“2022ལོའི་ལྗང་མྱུག་སྲུང་སྐྱོབ”དང“2022ལོའི་སྟོན་རླུང”སོགས་འཆལ་སེལ་ངན་རྒོལ་ཆེད་དམིགས་འགུལ་སྐྱོད་འཛིན་ལུང་བྱས་པ་དང་། མངོན་ལྐོག་གཉིས་ནས་འདྲི་རྩད་དང་མཉམ་འབྲེལ་ཞིབ་བཤེར། སྐབས་བསྟུན་སྐོང་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ་དང་། གཙོ་བོ་སློབ་རའི་ཉེ་འཁོར་གྱི་དཔེ་ཁང་དང་སྒྲ་གཟུགས་ཁང་། ཚགས་དེབ་ཁང་སོགས་ཀྱིས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བའི་པར་སྐྲུན་དངོས་པོ་སྐོར་འཚོང་དང་བར་ཚོང་བྱེད་ཀྱིན་པའི་བྱ་སྤྱོད་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཞིང་། གནད་དོན་གསར་རྙེད་བྱུང་ཚེ་མཐའ་གཅིག་ཏུ་མེད་པར་བཟོས་ནས། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནན་མོ་བྱས།

རིག་གནས་ཡུལ་སྐོར་ལས་རིགས་རྩ་འཛུགས་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བརྗོད་དོན་དྲིལ་སྒྲོག་སྤེལ་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཁྱབ་ཁོངས་ཀྱི་ལས་གཉེར་མི་སྣའི་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་བཏང་། དུས་ཐོག་ཏུ་འཇོན་མིའི་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཡིག་རིས་གཉིས་ལྡན་དང་ནང་དོན་ཞིབ་ཅིང་ཕྲ་བའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཁུག་དེབ་རྩོམ་སྒྲིག་དཔར་སྐྲུན་བྱས་པ་དང་། ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་དྲིལ་སྒྲོག་སློབ་ར་དང་སྡེ་ཁུལ། གཞིས་ཁུལ། གྲོང་གསེབ་བཅས་སུ་བསྐྱོད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ལ། ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱམས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་ཅི་ཐུབ་བྱས། །