ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཕོ་འབྲས་འགོག་པའི་ཐབས་ལམ་གསུམ།

ཟས་ཐུན་གསུམ་པོ་ཆོས་ཉིད་ལྟར་སྤྱོད་པ། ངག་རྒྱུན་དུ“ཞོགས་ཟས་བཟང་དགོས།གུང་ཟས་རྒྱགས་དགོས།དགོང་ཟོས་ཉུང་དགོས”ཞེས་བཤད་ལ། དེ་ལྟར་བྱས་ན་ད་གཟོད་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་རེད། དུས་རྒྱུན་གྱི་འཚོ་བའི་ཁྲོད་ངེས་པར་དུ་ཡིད་ལ་ངེས་དགོས་པ་ཞིག་ནི། རྒྱས་བཟའ་རྒྱས་འཐུང་མི་བྱེད་པ་དང་། ཟས་ཐུན་གཅིག་རྒྱགས་ཆོད་པ་ཟོས་རྗེས་ཟས་ཐུན་རྗེས་མར་མི་ཟ་བ་སོགས་བྱེད་མི་རུང་བར། ཟས་ཐུན་གསུམ་པོ་ཆོས་ཉིད་ལྟར་སྤྱད་ན། ཕོ་བ་ད་གཟོད་བདེ་ཐང་ཡོང་ཐུབ།

ཚན་རིག་དང་མཐུན་པའི་སྒོ་ནས་ཟ་མ་ཟ་བ། ཁ་ཚ་དང་སྣུམ་ཞག་ཆེ་བའི་ཟས་རིགས་དང་གཞན་ད་རུང་སྣུམ་བཙོས་དང་བསྲེགས་ཟས་སོགས་ཉུང་བཟའ་བྱས་ཏེ། སྔོ་ཚོད་དང་སིལ་ཏོག འབྲུ་རྩིང་སོགས་མང་དུ་བཟའ་དགོས། འབྲུ་རྩིང་གི་ནང་དུ་གྲུབ་ཆ་མང་པོ་མི་འདུས་པའི་རྐྱེན་གྱིས་འཇུ་སླ་བ་དང་། སྔོ་ཚོད་དང་སིལ་ཏོག་གི་ནང་དུ་འཚོ་རྒྱུ་དང་འཚོ་བཅུད་དངོས་པོ་མང་པོ་འདུས།

རྒྱུན་དུ་ལུས་སྦྱོང་འོས་འཚམ་བྱེད་པ། དབྱང་ལྡན་འགུལ་སྐྱོད་བྱེད་དགོས་པ་སྟེ།དཔེར་ན་ཐའེ་ཅི་ཆོན་རྩེ་བ་དང་ཡོ་ག་སྦྱོང་བ།དལ་རྒྱུག་བྱེད་པ་སོགས་ཀྱིས་ཕོ་རྒྱུའི་འགུལ་འདར་ཇེ་དྲག་ཏུ་གཏོང་བ་དང་།ཟས་རིགས་དེ་ཕོ་རྒྱུའི་ནང་དུ་དུས་ཐོག་ཏུ་འཇུ་བར་བྱས་ཏེ།རྙིང་ཚབ་གསར་བརྗེ་ལ་གནོད་འཚེ་མི་ཐེབས་པ་དང་སྙིགས་རོ་གསོག་འཇོག་མི་བྱེད་པས། ཕོ་བའི་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད། །