ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལོ20ཡན་གྱི་བུད་མེད་ཚོས་ལོ་རེར་ནུ་མར་བརྟག་དཔྱད་ཐེངས་རེ་བྱེད་དགོས།

ལོ་རེའི་ཟླ10པ་ནི་རང་རྒྱལ་གྱི“ནུ་སྐྲན་འགོག་བཅོས་ཟླ་བ”ཡིན། ནུ་སྐྲན་གྱིས་རང་རྒྱལ་བུད་མེད་ཀྱི་སྐྲན་ངན་ལས་ཨང་དང་པོ་ཟིན་ཡོད་པར་མ་ཟད།ལོ་ཚོད་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བའི་སྣང་ཚུལ་ལྡན།འཛམ་གླིང་སྟེང་གི་ལོ་ན་ཆེས་ཆུང་བའི་ནུ་སྐྲན་ནད་པ་ནི་ལོ3ཡིན་ལ། ལོ10ཡས་མས་ཀྱི་ནད་པ་མི་ཉུང་བ་ཡོད།ཆེད་མཁས་པས་བསྟན་དོན།ནུ་སྐྲན་གྱི་འབྱུང་ཚད་ལོ་རེར3%ནས4%ཡིས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཡོ་རོབ་དང་ཨ་མེ་རི་ཁའི་རྒྱལ་ཁབ་དང་བསྡུར་ན། རང་རྒྱལ་གྱི་ནུ་སྐྲན་འབྱུང་ཚད་མཐོ་བའི་ལོ་ཚོད་ལོ10ཡིས་ཆུང་ཞིང་།འབྱུང་ཚད་ཆེས་མཐོ་བའི་ལོ་ཚོད་ནི་ལོ45ནས55བར་རེད།

ཆེད་མཁས་པས་དྲན་སྐུལ་བྱས་དོན།སྔ་དུས་ཀྱི་ནུ་སྐྲན་ལ་མངོན་གསལ་གྱི་ནད་རྟགས་གང་ཡང་མེད་པའི་དབང་གིས།རང་ཉིད་ཀྱིས་བརྟགས་ནས་ཤེས་མི་ཐུབ་པས། ངེས་པར་དུ་དུས་བཅད་ལྟར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས། བརྟག་དཔྱད་བྱེད་པའི་དུས་ཚོད་དང་བར་ཐག་གི་ཐད་ནས་ཆེད་མཁས་པས། ལོ20ཡན་གྱི་བུད་མེད་རྣམས་ལོ་རེར་སྨན་ཁང་དུ་སོང་ནས་ནུ་མར་བརྟག་དཔྱད་ཐེངས་གཅིག་རེ་བྱེད་དགོས་པ་དང་།ལོ40ཡན་གྱི་བུད་མེད་ཀྱིས་ལོ2ནས3བར་ཐེངས་གཅིག་རེ་དང་།ལོ50ནས69བར་གྱི་བུད་མེད་ཀྱིས་ལོ1ནས2གྱི་ནང་ཐེངས་གཅིག་རེ།ལོ70ཡན་གྱིས་ལོ2རེའི་ནང་ཐེངས་གཅིག་རེ་བཅས་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད། །