ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པར་རིས་གསར་འགྱུར།

སྟོན་སྡུད་དུས་ཚིགས་སུ་སླེབས་པ་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས“ལག་སྔ་རྩོད་པ”གཙིགས་སུ་བཟུང་སྟེ། གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ནན་མོར་འཛིན་པ་དང་། གཉིས་ནས་སྟོན་འབྲུ་ལེགས་པོར་སྡུད་པ་དམ་འཛིན་བྱས་ཤིང་། ནམ་ཟླ་བཟང་པོའི་དུས་ཚོད་དམ་འཛིན་གྱིས་སྟོན་སྡུད་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས། རིམས་ནད་མཆེད་པའི་བར་སྐབས་སུ། ཧའེ་ཡན་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་རྩ་འཛུགས་བྱས་ཏེ་གྲོས་ཚོགས་བསྡུས་ནས།སྟོན་སྡུད་བྱ་བར་ཆེད་དམིགས་ཞིབ་འཇུག་དང་། སྟོན་སྡུད་ཀྱི་གནས་བབ་ལ་དབྱེ་ཞིབ། རོང་འབྲོག་པ་དང་སྤྱི་བདེ། ཞང་དང་གྲོང་རྡལ་སོགས་ཀྱི་སྡེ་ཁག་རྣམས་ལ་གཅིག་གྱུར་མཐུན་སྦྱོར་བྱས་ནས་མཉམ་འབྲེལ་སྒོས་སྟོན་སྡུད་བྱ་བ་སྒྲུབ་མགོ་བརྩམས་པ་དང་། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་ཞིང་འབྲེག་འཕྲུལ་ཆས་ཀྱིས་མངའ་ཁུལ་བརྒལ་ནས་ལས་ཀ་ལས་པའི་ཁྲོད་བྱུང་བའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། ཞིང་འབྲེག་འཕྲུལ་ཆས་ཀྱི་ཁ་ལོ་བའི་འཁོར་སྐྱོད་ལ་རིམས་ནད་ཀྱི་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱེད་པའི་དུས་མཚུངས་སུ། ཆེས་མགྱོགས་པའི་འགྲོས་ཚད་དང་ཆེས་དྲག་པའི་ནུས་ཤུགས་དེ་སྟོན་སྡུད་བྱ་བའི་ཁྲོད་བསྟིམས་ནས་སྟོན་འབྲུ་སྡུད་པར་ཁག་ཐེག་བྱས།