ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གསེར་མདོག་གི་རྣང་ཞིང་མུ་མེད་མཐའ་རུ་བརྐྱངས། འབྲས་ལྡན་སྟོན་གྱི་དུས་སུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨོ་ལན་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མཐའ་དག་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་འཕྲུལ་ཆས་ཀྱིས་ཞིང་འབྲེག་པ་དང་ཞིང་སར་དོ་དམ་བྱེད་པ། གནོད་འཚེ་སྔོན་འགོག་དང་ཉུང་ཕྲི་སོགས་ཀྱི་བྱེད་ཐབས་དངོས་འབེབས་བྱས་ནས། སྟོན་སྡུད་ཐོན་སྐྱེད་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་སྤེལ་བྱས་ཤིང་། འབྲུ་རིགས་མཛོད་དུ་སྡུད་པར་ཁག་ཐེག་བྱས། ད་ལོར། ཨོ་ལན་རྫོང་གི་ཞིང་ལས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང6800དང་། འབྲུ་རིགས་ཀྱི་རྒྱ་ཁྱོན་སྤྱི་ཆིང4200རུ་སླེབས་ཡོད། མིག་སྔའི་བར་དུ། གྲོ་ཏུན735དང་ནས་ཏུན540སྡུད་ཐུབ་པ་བྱུང་ཡོད།

ཁ་བྱང་ཕྱོགས་སྟོན།