ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རི་སྔོ་ཆུ་དྭངས་ཀྱི་མཚོ་སྔོན།

མཚོ་སྔོན་གྱི་མཛེས་པ་ནི་སྐྱེ་ཁམས་ཀྱི་མཛེས་པའི་སྟེང་ཡོད།གནས་འདི་ནི་རི་ཆུའི་ཕ་ས་ཡིན་ཞིང་། དར་གོས་ཚོང་ལམ་གྱི་ལྷོ་ལམ་དང་ཇ་རྟའི་གནའ་ལམ། ཐང་བོད་གནའ་ལམ་བཅས་ཀྱི་འདྲེས་མཚམས་ཡིན། ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས། གསར་བརྗེ་རིག་གནས། སྐྱེ་ཁམས་རིག་གནས་བཅས་ཀྱི་རྒྱུན་རིང་པོ་ཡོད་ལ། མཛེས་སྡུག་རྣམ་པར་བཀྲ་བའི་སྐྱེ་ཁམས་ཡུལ་ལྗོངས་ཀྱིས་ཁྱད་ཆོས་འབུར་དུ་ཐོན་པའི་ས་གཞི་ཆེན་པོའི་མཛེས་པ་མངོན་ཡོད། རི་ཆུ་སྟོང་ཕྲག་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་གཞན་དུ་མེད་པའི་ལེགས་ཆ་གནང་ཡོད།སྐྱེ་ཁམས་ཡུལ་སྐོར་ནི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གཞི་བྱས་པའི་ལྗོངས་གཟིགས་ཡུལ་སྐོར་ཡིན། མཚོ་སྔོན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བར་མ་ཟད་ད་ལྟའི་བར་རྒྱུན་འཛིན་བྱས་པའི་མཚར་སྡུག་གི་རིག་གནས་ཡོད་པས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པར་གསོན་ཤུགས་དང་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།