ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཤ་ལ་རྩྭ་ཐང་གི་ཆེས་མཛེས་པའི་དུས་ཚིགས།

ཟླ7པའི་ཚེས14ཉིན། གསར་འགོད་པ་གུང་ཧོ་རྫོང་ཤ་ལ་རྩྭ་ཐང་དུ་སོང་བ་ན། རབ་མཛེས་རྩྭ་ཐང་དུ་སེར་ལྟེམ་ལྟེམ་གྱི་ལོག་གར་མེ་ཏོག་རྣམ་པར་གྲོལ་ཞིང་གཅིག་ལས་གཅིག་ཡག་གིས་བཞད་པ་མཐོང་། དུས་ཚིགས་འདི་ནི་དབྱར་སའི་རྩྭ་ཆུ་ཕུན་སུམ་ཚོགས་པའི་དུས་ཚིགས་ཀྱང་ཡིན་པས། ནོར་ལུག་རྣམས་གོས་གདན་ལྟ་བུའི་རྩྭ་ཐང་སྟེང་བག་ཡངས་སུ་རྒྱུ་བཞིན་རྩྭ་ཆུའི་བཅུད་ལ་རོལ་ནས་ཡོད་ལ། དེ་ནི་རྒྱང་ནས་བལྟས་ཚེ། སྔོ་ལྗང་རྩྭ་ཐང་གི་གཞི་རུ་བགྲང་ལས་འདས་པའི“མེ་ཏོག་དཀར་ནག”གིས་ཁྲ་ཚོམ་བཏབ་པ་དང་ཀུན་ནས་མཚུངས་པས། གནམ་སའི་བར་དུ་མཛེས་སྡུག་ལྡན་པའི་ལྗོངས་རྣམ་ཞིག་ངང་གིས་གྲུབ་ཡོད།