སྐྱིད་པའི་པན་ཡན། སྡེ་གྲོང་མཛེས་ཤིང་ཐོན་ལས་དར།
པན་ཡན། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་བཟུང་བའི་གནས་ཤིག་ཡིན། 2016ལོའི་ཟླ8པའི་ཚེས23ཉིན། མཚོ་སྔོན་དུ་རྟོག་ཞིབ་མཛད་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་འཛུགས་སྐྲུན་བྱེད་སྒང་ཡིན་པའི་པན་ཡན་སྡེ་བར་ཕེབས་ཤིང་། ནང་དུ་ཕེབས་ཏེ་ཁང་བའི་བཟོ་དབྱིབས་ལ་གཟིགས་ཞིབ་གནང་བ་དང་། ཨར་ལས་ཀྱི་གནས་ཚུལ་འདྲི་རྩད་མཛད་ལ། ཡུལ་མི་རྣམས་དང་བྱམས་བརྩེའི་ཁ་བརྡ་གནང་། ལོ་ངོ་དྲུག་འགོར་རྗེས། ད་ལྟ་པན་ཡན་སྡེ་བ་དེ“རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་དཔེ་མཚོན”དུ་གྱུར་ཡོད།