ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རང་རྒྱལ་གྱིས་ཉེ་བའི་ལོ་འདི་འགའི་རིང་གི་གཞི་རྒྱ་ཆེས་ཆེ་བའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལས་དོན་མགོ་བརྩམས་པ།

རང་རྒྱལ་གྱིས་ཉེ་བའི་ལོ་འདི་འགའི་རིང་གི་གཞི་རྒྱ་ཆེས་ཆེ་བའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལས་དོན་མགོ་བརྩམས་པ།

གསར་འགོད་པས་ཚེས28ཉིན་ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་ཞིབ་འཇུག་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། “2022ལོའི་ཡང་རྩེའི་ལས་འགན་ཏེ། ཇོ་མོ་གླང་མའི་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་ཞིབ་འཇུག”བོད་ལྗོངས་ཇོ་མོ་གླང་མའི་ས་ཁུལ་དུ་སྤེལ་བཞིན་པའི་སྒང་ཡིན། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག5ནས་ཡོང་བའི་ཚན་རིག་རྟོག་ཞིབ་ཚན་ཆུང16དང་། བསྡོམས་པས་ཚན་རིག་རྟོག་ཞིབ་པ270ལྷག་དེའི་ནང་དུ་ཞུགས།

ཐེངས་འདིའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་གཙོ་བོ་ནི། མཚོ་ངོས་ལས་མཐོ་ཚད་ལ་སྨི5200ནས་སྨི8800ཡོད་པའི་སར་གནམ་གཤིས་བརྟག་དཔྱད་ས་ཚིགས8འཛུགས་རྒྱུ་དེ་ཡིན་ལ། དེའི་ཁྲོད་ཀྱི་གནམ་གཤིས་ས་ཚིགས4ནི་མཚོ་ངོས་ལས་སྨི7000ཡན་གྱི་སར་ཡོད། སྨི8800ཡི་ས་རུ་གནམ་གཤིས་བརྟག་དཔྱད་ས་ཚིགས་འཛུགས་པ་ལེགས་འགྲུབ་བྱུང་ཚེ། དེ་ནི་གོ་ལ་ཧྲིལ་པོའི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་སུ་འགྱུར་སྲིད།

ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱིས་ཇོ་མོ་གླང་མའི་ས་ཁུལ་གྱི་རླུང་ཁམས་ཆེན་མོའི་ཁོར་ཡུག་དང་འཁྱགས་རོམ་ར་བའི་འགྱུར་ལྡོག་ལ་ངོས་འཛིན་བྱེད་པའི་ཐད་རིན་ཐང་བྲལ་བའི་གཞི་གྲངས་འདོན་ཐུབ་པར་མ་ཟད། མཐར་ཐུག་ཁོར་ཡུག་འོག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཚན་རྩལ་གཞོགས་འདེགས་མཁོ་སྤྲོད་བྱེད་ཐུབ་པ་དང་། ནམ་ཟླ་ཇེ་དྲོར་འགྲོ་བའི་རྒྱབ་ལྗོངས་འོག་ཇོ་མོ་གླང་མའི་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་གྱི་ཁོར་ཡུག་གི་འགྱུར་ལྡོག་ཆོས་ཉིད་ཀྱི་གསང་རྒྱ་བརྟོལ་ཏེ། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ལ་གསར་གཏོད་ལྡན་པའི་ཚན་རིག་གི་ཇུས་གཞི་འདོན་ཐུབ་བོ། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།