ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་མོའི་ལག་ཤེས་པའི་གསར་སྐྲུན་བརྗེ་སྤེལ་ཚོགས་ཆེན་སྐབས་དང་པོ་འཚོགས་པར་རྟེན་འབྲེལ་ཞུ་ཡིག་སྤྲིངས་ནས་ནན་གྱིས་བསྟན་དོན།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་མོའི་ལག་ཤེས་པའི་གསར་སྐྲུན་བརྗེ་སྤེལ་ཚོགས་ཆེན་སྐབས་དང་པོ་འཚོགས་པར་རྟེན་འབྲེལ་ཞུ་ཡིག་སྤྲིངས་ནས་ནན་གྱིས་བསྟན་དོན།

དཀའ་སྤྱད་སྦྱོང་བརྡར་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་།གསར་སྐྲུན་བྱེད་ཕོད་ཅིང་ཡར་ཐོན་བརྩོན་ཕོད་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་

རྒྱས་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། རྒྱ་ཆེའི་རྩལ་ནུས་འཇོན་མི་དང་ངལ་རྩོལ་དཔེ་ལེགས་ཅན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ།

རྒྱལ་ཁབ་ཆེན་མོའི་ལག་ཤེས་པའི་གསར་སྐྲུན་བརྗེ་སྤེལ་ཚོགས་ཆེན་སྐབས་དང་པོ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱ་ཆེའི་རྩལ་ནུས་འཇོན་མི་དང་ངལ་རྩོལ་དཔེ་ལེགས་ཅན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་སྤྲིངས་ནས་ནན་གྱིས་བསྟན་དོན། ལག་རྩལ་ལག་ཤེས་པའི་དཔུང་ཁག་ནི་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། རང་རྒྱལ་གྱི་བཟོ་པ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། དེང་སྐབས་ཀྱི་འཛམ་གླིང་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོར་འཚམ་དུ་འཇུག་པ་དང་། དཀའ་སྤྱད་སྦྱོང་བརྡར་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། གསར་སྐྲུན་བྱེད་ཕོད་ཅིང་ཡར་ཐོན་བརྩོན་ཕོད་པའི་སྒོ་ནས་ལག་རྩལ་རྩལ་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྲུན་དང་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ། ལག་རྩལ་བཟོ་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་པ་དང་། ཁོ་ཚོའི་གསར་སྐྲུན་གྱི་ནུས་པ་དང་ཡོན་ཏན་གང་ལེགས་ཀྱིས་འདོན་དུ་འཇུག་དགོས།(རྟེན་འབྲེལ་ཞུ་ཡིག་ཆ་ཚང་ཞར་དུ་བཀོད་ཡོད།)

ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པར་མ་ཟད་གཏམ་བཤད།

རྒྱལ་ཁབ་ཆེན་མོའི་ལག་ཤེས་པའི་གསར་སྐྲུན་བརྗེ་སྤེལ་ཚོགས་ཆེན་སྐབས་དང་པོ་ནི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ། བརྗོད་དོན་ནི“རྩལ་ནུས་སྟོབས་ལྡན་རྒྱལ་ཁབ་གསར་སྐྲུན་བྱེད་པར་ང་རང་ཡོད”ཅེས་པ་དེ་ཡིན། དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་རྒྱལ་ཁབ་ཆེན་མོའི་ལག་ཤེས་པ་འཐུས་ཚབ་ཡིན་པའི་རྒྱ་ཆེའི་ལས་བཟོ་པ་རྣམས་ཀྱི་རྩེར་སོན་གྱི་རྩལ་ནུས་དང་གསར་སྐྲུན་གྱི་གྲུབ་འབྲས་ངོམ་གང་ཐུབ་བྱས་ཏེ། རྒྱ་ཆེའི་ནུས་རྩལ་མཐོན་པོའི་འཇོན་མིར་བརྗེ་སྤེལ་གྱི་སྟེགས་བུ་བསྐྲུན། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།