ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

(པར་ངོས3པར་མཐུད་པ།)

(པར་ངོས3པར་མཐུད་པ།)རྒྱལ་ཁབ་ཀྱི“ལྔ་བཅུ་བཞིའི”འཆར་འགོད་ཀྱི་ཆེད་དོན་འཆར་འགོད་གལ་ཆེན་ཞིག་ཀྱང་རེད། ཏང་གིས་འཇོན་མིའི་བྱ་བར་མགོ་ཁྲིད་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་།འཇོན་མིས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འཐབ་ཇུས་ཀྱི་གོ་གནས་བརྟན་པོ་འཛུགས་པ། ཁྱོན་ཡོངས་ནས་འཇོན་མི་གསོ་སྐྱོང་དང་ནང་འདྲེན་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། གཙོ་གནད་བཀོད་སྒྲིག་དང་སྐས་རིམ་བཞིན་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། པེ་ཅིན་དང་ཧྲང་ཧེ། ཀོང་ཏུང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་གྱིས་ཚད་གཞི་མཐོན་པོ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་འཇོན་མིའི་དཔེ་སྟོན་ཁུལ་ཧུར་ཐག་གིས་བསྐྲུན་དགོས། རིམ་པ་མཐོ་བའི་འཇོན་མི་གཅིག་སྡུད་ཀྱི་ལྟེ་བའི་གྲོང་ཁྱེར་ཁ་ཤས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་འཇོན་མི་འགུག་པ་དང་བསྡུ་རུབ་བྱེད་པའི་སྟེགས་བུ་སྐྲུན་གང་ཐུབ་བྱས་ནས། འཐབ་ཇུས་ཀྱི་འདེགས་གནས་དང་ཁྲུང་ཁྲུང་འཕུར་བ་ལྟ་བུའི་སྟངས་སྟབས་མགྱོགས་མྱུར་གྱིས་ཆགས་པར་བྱེད་དགོས། འཐབ་ཇུས་ཀྱི་ཚན་རིག་པ་གསོ་སྐྱོང་དང་བཀོལ་སྤྱོད་ཤུགས་ཆེན་བྱེད་པ་དང་།ཚན་རྩལ་སྣེ་ཁྲིད་ཀྱི་འཇོན་མི་དང་གསར་གཏོད་ཀྱི་ཚོགས་པ་རྩེ་གྲ་དང་འབོར་ཆེན་གསར་གཏོད་བྱེད་པ། གཞི་ཁྱོན་ཆེ་བའི་ན་གཞོན་ཚན་རྩལ་འཇོན་མིའི་དཔུང་སྡེ་སྐྱེད་སྲིང་བྱེད་པ།ཁྱད་དུ་འཕགས་པའི་བཟོ་བཀོད་པ་མང་པོ་གསོ་སྐྱོང་བཅས་བྱེད་དགོས། འཇོན་མི་གསོ་སྐྱོང་བྱེད་པའི་ཤུགས་འདོན་ས་དེ་རྨང་གཞིའི་ཞིབ་འཇུག་འཇོན་མིར་རྒྱབ་སྐྱོར་དང་གསོ་སྐྱོང་བྱེད་པའི་སྟེང་བཞག་ནས། ཁོ་ཚོར་ཡུན་རིང་བརྟན་འཇགས་ངང་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། འཇོན་མི་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ནང་རྐྱེན་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་འཇོན་མི་སྣ་ཚོགས་ལ་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་བསྐྲུན་དགོས། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)གཙོ་གཞིའི་འགན་འཁྲི་ཆེ་རུ་བཏང་ནས། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་།འཇོན་མི་བྱ་བའི་བྱེད་ཐབས་གལ་ཆེན་དོན་འཁྱོལ་དང་ཕན་ནུས་ཐོན་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་པ་དང་། མི་སྣ་བཀོལ་སྤྱོད་བྱེད་མཁན་གཙོ་བོ་དང་འཇོན་མིའི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་གིས་སེལ་བ།འཇོན་མིར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་བསྡུ་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་འཇོན་མིར་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དྲིན་གཟོ་བ། ལས་བཀུར་གསོལ་འབུལ་བྱེད་པ། སེམས་སུ་མེས་རྒྱལ་བཅངས་པ།མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།