ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས།

མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་ཞིབ་འཇུག་དང《རྒྱལ་ཁབ་ཀྱི“ལྔ་བཅུ་བཞིའི”སྐབས་ཀྱི་འཇོན་མིའི་འཕེལ་རྒྱས་འཆར་འགོད》ལ་གྲོས་ཞིབ་གནང་བ།

མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་ཞིབ་འཇུག་དང《རྒྱལ་ཁབ་ཀྱི“ལྔ་བཅུ་བཞིའི”སྐབས་ཀྱི་འཇོན་མིའི་འཕེལ་རྒྱས་འཆར་འགོད》ལ་གྲོས་ཞིབ་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ4པའི་ཚེས29ཉིན་གྲོས་ཚོགས་འཚོགས་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་། 《རྒྱལ་ཁབ་ཀྱི“ལྔ་བཅུ་བཞིའི”སྐབས་ཀྱི་འཇོན་མིའི་འཕེལ་རྒྱས་འཆར་འགོད》ལ་གྲོས་ཞིབ་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ཀྱིས་བལྟས་ན། ད་ལོའི་ཚུན་དུ། ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་གཅིག་ཐོག་གཅིག་བརྩེགས་ཀྱི་རྙོག་འཛིང་ཆེ་བའི་གནས་བབ་ལ་དམིགས་ཏེ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་སྒོས་གཅིག་གྱུར་འཆར་འགོད་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ངང་མགོ་རྩོམ་པ་མངོན་འགྱུར་བྱུང་བ་དང་། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཐུབ་པ་བྱུང་ཞིང་། གྲུབ་འབྲས་འདི་ནི་ལས་སླ་མོར་ཐོབ་པ་ཞིག་མིན་པར་སྙམ།

གྲོས་ཚོགས་ཀྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་དང་ཡུག་རེན་གྱི་ཉམས་ཉེན་ལས་ཉེན་ཁ་དང་འགྲན་སློང་མང་དུ་ཕྱིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། ངེས་མེད་རང་བཞིན་བཅས་ཆེ་རུ་སོང་བས། ཡོང་འཕར་བརྟན་བརླིང་དང་ལས་ཞུགས་བརྟན་བརླིང་། ཟོག་གོང་བརྟན་བརླིང་བཅས་ཡོང་བའི་ཐད་ནས་འགྲན་སློང་གསར་པར་འཕྲད་ཡོད། དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་དམངས་འཚོ་དངོས་གནས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཡིད་ཆེས་ཇེ་བརྟན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱེད་དགོས་པ་ནི་ཏང་ཀྲུང་དབྱང་གི་བླང་བྱ་གསལ་པོ་ཡིན། ནད་དུག་གཞན་འགྱུར་དང་ཁྱབ་འགོས་ཀྱི་ཁྱད་ཆོས་གསར་པ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕན་མཐོའི་ངང་གཅིག་གྱུར་འཆར་འགོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ།ཕྱི་ནད་ནང་མཆེད་དང་ནང་ནད་བསྐྱར་འཕར་འབྱུང་བ་སྔོན་འགོག་རྒྱུན་འཁྱོངས་བྱེད་པ།འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་སྲུང་སྐྱོང་གང་ཐུབ་བྱེད་པ་དང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། སྤྱི་ཁོག་སྲིད་ཇུས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོ་ཡོང་བར་བྱས་ཐོག ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་ཧུར་ཐག་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་དགོས། གཏན་འབེབས་བྱས་ཟིན་པའི་སྲིད་ཇུས་མགྱོགས་མྱུར་གྱིས་དངོས་འབེབས་བྱེད་པ་དང་། ཁྲལ་སློག་ཁྲལ་འཕྲི་དང་དཔྱ་ཁྲལ་ཇེ་དམའ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བཟང་པོ་བྱེད་པ། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། འཕར་ཚད་ཀྱི་སྲིད་ཇུས་ཡོ་བྱད་ཇུས་འགོད་དམ་འཛིན་བྱེད་པ་དང་། སྐབས་བསྟུན་གྱིས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དམིགས་འབེན་གྱི་ཁྲིད་སྟོན་འོག་གི་སྲིད་ཇུས་ཀྱི་སྔ་ནུར་ཚད་དང་ལྷག་ཚད་ཤེས་རྟོགས་ལེགས་པོ་བྱེད་དགོས། རྒྱལ་ནང་གི་དགོས་མཁོ་ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་པ་དང་། ནུས་ལྡན་དངུལ་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ། ས་ཞིང་དང་ནུས་རྒྱུ་བེད་སྤྱོད། ཁོར་ཡུག་དཔྱད་འཇོག་སོགས་འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཁོར་སྐྱོད་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཚོང་རའི་གཙོ་གཞི་བརྟན་པོ་ཡོང་བར་བྱས་ནས་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་ཕོག་པའི་ལས་རིགས་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཆུང་དང་སྒེར་ཚུགས་བཟོ་ཚོང་དུད་ཁྱིམ་བཅས་ལ་དཀའ་གནད་སེལ་བའི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་དགོས། ནུས་རྒྱུའི་ཐོན་ཁུངས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་དང་དཔྱིད་རྨོ་དཔྱིད་གྲབས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་ཏན་ཏིག་བྱེད་པ་དང་།ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བ།དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་བྱེད་པའི་བྱ་བ་རྩ་འཛུགས་ལེགས་པོ་བྱེད་པ་བཅས་ཀྱིས། གྲོང་ཁྱེར་གྱི་ལྟེ་བའི་བྱེད་ནུས་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་པ་དང་།བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་ཚོད་འཛིན་བརྟན་པོ་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་བ་སྲུང་སྐྱོང་བཅས་བྱེད་དགོས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པ་རྒྱུན་འཁྱོངས་བྱས་ནས། འགྲིམ་འགྲུལ་དང་ཟོག་སྐྱེལ་ཤར་གཏོང་ཡོང་བར་འགན་ལེན་བྱས་ཐོག གཙོ་གནད་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་དང་རིམས་ནད་སྔོན་འགོག་དང་མཁོ་སྤྲོད་འགན་ལེན་གྱི་ཁེ་ལས། འགག་རྩའི་རྨང་གཞིའི་སྒྲིག་བཀོད་བཅས་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཉེན་ཁ་ཆེ་སར་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་ཁེ་སྤོགས་གཉེར་བའི་ཚོང་རྫས་མིན་པའི་གནས་མཚམས་རྒྱུན་འཁྱོངས་བྱས་ཏེ། ས་གནས་སོ་སོས་རང་ས་གནས་ཀྱི་དོན་དངོས་ལ་གཞིགས་ནས་ཁང་གཞིས་ཐོན་ལས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ངེས་མཁོ་རང་བཞིན་གྱི་སྡོད་ཁང་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། ཚོང་སྒྱུར་སྡོད་ཁང་གི་སྔོན་ཚོང་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ལེགས་སུ་གཏོང་བ་བཅས་ཀྱིས། ཁང་གཞིས་ཐོན་ལས་ཀྱི་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། ཚོང་རའི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་པ་དང་། རྐང་དངུལ་འཛིན་ལོར་འགྲེམས་སྤེལ་དང་ཐོ་འགོད་བྱེད་པའི་ལམ་ལུགས་བཅོས་བསྒྱུར་ལ་བརྟན་བརླིང་ངང་སྐུལ་སྤེལ་བྱེད་པ། ཡུན་རིང་དུ་མ་དངུལ་གཏོང་མཁན་ནང་འདྲེན་ཧུར་ཐག་བྱེད་པ་བཅས་ཀྱིས།མ་རྩའི་ཚོང་ར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་བྱེད་དགོས། སྟེགས་བུའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྟེགས་བུའི་དཔལ་འབྱོར་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་པ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་དང་སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་བར་རྒྱབ་སྐྱོར་བཅས་བྱེད་པའི་བྱེ་བྲག་གི་བྱེད་ཐབས་འདོན་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། རང་ཉིད་ཀྱི་བྱ་བ་ལེགས་པོ་སྒྲུབ་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་བསྐྲུན་པ།བློ་བརྟན་འགྱུར་མེད་ཀྱིས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། བཅོས་བསྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་པ།ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་ཚད་མགྱོགས་མྱུར་གྱིས་མངོན་འགྱུར་བྱེད་པ་བཅས་ཀྱིས། སྟོབས་དང་ལྡན་ཞིང་འཕར་ཆག་ཐེག་པའི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་རྒྱ་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཕྱི་དངུལ་ཁེ་ལས་ཀྲུང་གོར་ཡོང་ནས་ཚོང་གཉེར་བྱེད་བདེ་བ་སོགས་ཀྱི་རེ་འདུན་ཞུས་པར་དུས་ཐོག་ཏུ་ཨ་ལན་བྱིན་ནས། ཕྱི་ཚོང་དང་ཕྱི་དངུལ་གྱི་གཞི་རྩའི་རྨང་གཞི་བརྟན་པོར་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བྱ་བའི་ཁྲོད“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དང་ཁུར་དུ་ལེན་པའི་བྱ་སྤྱོད་ཀྱིས་བདེན་འཚོལ་དངོས་སྒྲུབ་བྱས་ཏེ། “ངང་པ་ནག་པོ”དང“བསེ་རུ་སྐྱ་བོ”ཡི་དོན་རྐྱེན་སྣ་ཚོགས་འབྱུང་བ་གཏན་འགོག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་།སྙིང་རུས་ཆེན་པོས་འབད་བརྩོན་བྱས་ནས་བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

གྲོས་ཚོས་ཀྱིས་བསྟན་དོན། 《རྒྱལ་ཁབ་ཀྱི“ལྔ་བཅུ་བཞིའི”སྐབས་ཀྱི་འཇོན་མིའི་འཕེལ་རྒྱས་འཆར་འགོད》བཟོ་བ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བྱ་བ་གལ་ཆེན་ཞིག་དང་ཀྲུང་དབྱང་གི་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཡིན་ལ། (འཕྲོ་མ་པར་ངོས4པར་གཟིགས།)