ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་བྱང་དུ་ཁྱེད་ཀྱི་ཡིད་དབང་འཕྲོག་པའི་ལྗོངས་ཁུལ་གྲགས་ཅན་མང་པོ་ཡོད།

1.གསེར་དངུལ་ཐང་།

1939ལོའི་ཟླ7པར། ཀྲུང་གོ་གློག་བརྙན་གསར་གཏོད་པའི་གྲས་ཀྱི་སྐུ་ཞབས་ཀྲིན་ཅུན་ལི་མཚོ་སྔོན་ལ་གློག་བརྙན་ཕབ་ཏུ་ཐོན། ཁོས་སྐབས་དེར་ཟི་ལིང་ན་བྱ་བ་སྒྲུབ་བཞིན་པའི“ནུབ་ཕྱོགས་ཀྱི་གླུ་པ་གྲགས་ཅན”ཝང་ལོ་པེན་གདན་དྲངས་ནས་མཚོ་སྔོན་པོ་འགྲམ་གྱི་བརྙན་ཕབ་བྱ་བར་ཞུགས་སུ་བཅུག

བསུ་སྟོན་དགོང་ཚོགས་སྟེང་དུ་ཀྲིན་ཅུན་ལི་ཡིས་ཕྱུགས་རྫི་བུ་མོ་སྒྲོལ་མར་འཁྲབ་སྟོན་བྱེད་དུ་བཅུག ལོ17ཡིན་པའི་སྒྲོལ་མའི་གར་གྱི་སྟངས་སྟབས་ཀྱིས་ན་གཞོན་ཝང་ལོ་པེན་གྱི་ཡིད་དབང་ཅིག་ཅར་དུ་ཕྲོག དགོང་ཚོགས་གྲོལ་རྗེས། ཝང་ལོ་པེན་གྱིས་རང་འགུལ་སྒོས་སྒྲོལ་མར་ལུག་འཚོ་རོགས་བྱེད་རྒྱུའི་རེ་བ་བཏོན།

ཉིན་འགའི་རྗེས་སུ། ཝང་ལོ་པེན་གྱིས་སྒྲོལ་མའི་རྗེས་དེད་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་སྒོས་ལུག་འཚོ་རོགས་བྱས། ལུག་འདེད་པའི་སྐབས་སུ་ཝང་ལོ་པེན་གྱིས་མཉམ་མ་བཞག་པར་སྒྲོལ་མ་བཞོན་ཡོད་པའི་རྟ་ལ་གཞུས་པས་རྟ་འདྲོགས་ཏེ་ཡར་མཆོང་བ་ན་སྒྲོལ་མས་ཁ་ཕྱིར་འཁོར་ནས་ཝང་ལོ་པེན་ལ་བལྟས།

དེ་ནས་ཅང་མ་འགོར་བར། ཝང་ལོ་པེན་གྱིས་ལུག་དེད་ནས་སྒྲོལ་མའི་མདུན་དུ་ཐོན། སྒྲོལ་མས་ཝང་ལོ་པེན་གྱིས་མཉམ་བཞག་མེད་པའི་མཚམས་དེར་ཁོའི་རྒྱབ་ཏུ་རྟ་ལྕག་གིས་གཞུས། སྒྲོལ་མའི་སེམས་ལའང་མ་དྲན་པ་ཞིག་ལ་ཁོ་མོའི་ན་ཆུང་བུ་མོའི་པྲ་ཚགས་ཀྱི་སྤྱོད་པ་སྟེ་རྟ་ལྕག་གཞུས་ཐེངས་དེ་ལས་འཛམ་གླིང་ཀུན་ཏུ་སྙན་གྲགས་ཀྱི་བ་དན་གཡོ་བའི་གླུ་དབྱངས་གྲགས་ཅན《རྒྱང་རིང་བའི་ཡུལ་གྲུ་དེ་ན》ཞེས་པ་བྱུང་།

མཚོ་སྔོན་པོའི་བྱང་ཕྱོགས་དང་མདོ་ལ་རིང་མོའི་ལྷོ་ཕྱོགས་སུ་ཆགས་ཤིང་སྔོ་ལྗང་ངེར་གནས་པའི་གསེར་དངུལ་རྩྭ་ཐང་ནི་དུས་དེ་ནས་བཟུང་མིང་དུ་གྲགས་ཤིང་ཡུལ་སྐོར་པ་བགྲང་ལས་འདས་པ་ཞིག་གི་ཡུལ་སྐོར་བྱ་ཡུལ་དུ་གྱུར།

རྒྱང་རིང་གི་ཡུལ་གྲུ་དེ་དོན་ངོ་མས་ཧ་ཅང་ཉེ། གསེར་དངུལ་རྩྭ་ཐང་ནི་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་གི་ཡུལ་ཁོངས་སུ་གནས། ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ100ཡིས་ཆོད་པ་དང་། ལྷོ་ཕྱོགས་མཚོ་སྔོན་པོ་དང་བར་ཐག་སྤྱི་ལེ28ཀྱིས་ཆོད། ཡུལ་དེའི་ཕྱོགས་བཞི་རི་བོས་བསྐོར་ཞིང་སྔོ་ལྗང་ངེར་གནས་ལ། དབྱར་གཞུང་དུ་མེ་ཏོག་སྣ་ཚོགས་རྣམ་པར་བཞད་ཅིང་བྱ་བྱེའུ་སྣ་ཚོགས་ཀྱིས་འཕུར་རྩལ་ངོམ། སྤྲིན་དཀར་ལང་ལོང་གཡོ་བ་ལྟ་བུའི་ལུག་ཁྱུ་དང་ནག་གེར་རྒྱུ་བའི་ནོར་གནག་གི་ཁྱུ་ཚོགས་སྐར་ཚོགས་བཀྲ་བ་བཞིན་དུ་གང་སར་ཁྱབ་ཡོད། ཞིབ་མོར་བལྟས་ན་ག་ས་གང་ནས་ཀྱང་གདོད་མའི་སྐྱེ་ཁམས་ཀྱི་མཛེས་པ་ལོངས་སུ་སྤྱོད་ཐུབ། ཡུལ་དེ་ད་རུང་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་གསར་བཟོ་བྱེད་སའི་རྟེན་གཞི་ཡིན་པས་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞིའང་ཡིན།

མཚོ་བྱང་དུ་བསྐྱོད་ན་རང་བྱུང་ཁམས་ཀྱིས་ཡུལ་དེ་ལ་ཕངས་མེད་ཀྱིས་སྦྱིན་པ་བཏང་ཡོད་པ་ཤེས་ཐུབ། དབྱར་ཁར། མཚོ་སྔོན་པོའི་བྱང་འགྲམ་དུ་ཆགས་པའི་མཚོ་ངོགས་བོད་མཁར་རྐང་ཚ་ཡིས་གསེར་ཉས་སྒོ་ང་གཏོང་བའི་དུས་ཆེན་བསུ་བ་དང་། སྐབས་དེར་ཁྱེད་ཀྱིས་ཁྱོན་རྒྱས་ཆུ་འགྲམ་དུ་ཕྱེད་ཀ་ཉ་དང་ཕྱེད་ཀ་ཆུ་ཡིན་པའི་རང་བྱུང་གི་ངོ་མཚར་མཐོང་ཐུབ། སྒོ་ང་གཏོང་དུ་ཡོང་བའི་གསེར་ཉ་རྣམས་ཆུ་མོའི་གྱེན་དུ་ཤེད་ཤུགས་ཡོད་རྒུས་འཁྱུག་འགྲོས་བྱེད་པའི་ཚུལ་དེ་མཐོང་ན་སེམས་འགུལ་ཐེབས་པ་ཞིག་ཡིན། མཛུབ་མོ་ཆུ་ནང་དུ་བསྲིངས་ནས་ཉ་ལ་འཕྲད་དུས་ཉ་རྣམས་མྱུར་དུ་བྲོས་འགྲོ་བ་དང་། ཁྱེད་རང་ཁོ་ཚོ་དང་རྒྱང་དུ་གྱེས་དུས་ཡང་བསྐྱར་སླར་འཛོམས་ནས་རྐྱལ་ལྡིང་བྱེད་པར་གྲ་སྒྲིག་བྱེད་པ་རེད།

2.ལྟ་ན་སྡུག་པའི་མེ་ཏོག་གི་ཞིང་ཁམས།

གསེར་དངུལ་རྩྭ་ཐང་ནས་རླངས་འཁོར་བསྐོར་ཏེ་བྱང་ཕྱོགས་སུ་ཧ་ལམ་ལེ་དབར་བརྒྱ་ལ་བསྐྱོད་པ་ན། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ཆེན་པོ་དྲུག་གི་ཡ་གྱལ་མདོ་ལ་རིང་མོ་རྩྭ་ཐང་དུ་ཐོན་ངེས། མདོ་ལ་རིང་མོའི་རྩྭ་ཐང་གཞན་དང་མི་འདྲ་བ་ནི་དེ་ནི་ནགས་ཚལ་དང་རྩྭ་ཐང་། འཁྱགས་ཀློང་གསུམ་གཞི་གཅིག་ཏུ་འཛོམས་ཡོད། ཕུན་ཚོགས་དང་སྣ་མང་། ཁྱད་ལྡན་གསུམ་གྱི་རང་བྱུང་ལྗོངས་ཁུལ་དེ་མཉམ་མ་བཞག་པའི་མཚམས་དེར་ལངས་གཟུགས་ཅན་གྱི་ཚུལ་དུ་མངོན་ཏེ། ཡུལ་སྐོར་པར་སྨྲ་མི་ཤེས་པའི་ཉམས་ལེན་ཚོར་བ་རྒྱུན་ཆད་མེད་པར་འབྱུང་ཞིང་། དེ་ནི་རང་བྱུང་ཁམས་ཆེན་མོ་ལོ་ངོ་ཁྲི་སྟོང་མང་པོར་འགྱུར་ལྡོག་དང་འཚར་ལོངས་བྱུང་རྗེས། རང་བྱུང་ཁོ་ན་ལས་གྲུབ་པའི་རི་མོ་ཞིག་དང་ཀུན་ནས་མཚུངས།

མདོ་ལ་ནི་དེང་སྐབས་ཀྱི་འཛམ་གླིང་སྟེང་དུ་སྐྱེ་ཁམས་གསོག་ཉར་བྱས་པ་ཆེས་ཆ་ཚང་བའི་ས་ཁུལ་གྲས་ཀྱི་གཅིག་རེད། དེ་རུ་གངས་རི་ལྷུན་པོར་བརྗིད་ཅིང་རྩྭ་དང་རྩི་ཤིང་གི་སྣ་ཁ་ཕུན་སུམ་ཚོགས་ལ་སྐྱེ་ཁམས་ཀྱི་མ་ལག་སྣ་མང་ཡོད་པ་སྟེ། བཙུན་མོ་སྒང་དང་བ་ལྡིང་ཆུ་བོའི་གྲོག་རོང་སོགས་རང་བྱུང་ལྗོངས་ཁུལ་གཙོ་བོ་ཡིན་པའི་གདོད་མའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཆགས་ཡོད། མདོ་ལ་རིང་མོའི་རི་འདབས་ཀྱི་ཁོད་ཡངས་པའི་རྩྭ་ཐང་དང་སྣ་མང་གི་མི་རིགས་ཡུལ་སྲོལ་དེ་མཛེས་སྡུག་གི་མི་ཆོས་རིག་གནས་ཀྱི་ལྗོངས་ཁུལ་དུ་གྲུབ་ཡོད་ལ། མིར་སྨོན་པ་འཆོར་དུ་འཇུག་སྲིད།

དབྱར་ཁར་མཚོ་བྱང་དུ་ཡུལ་སྐོར་ལ་སོང་ན་བལྟས་ནས་རྫོགས་པ་མེད་པའི་མཛེས་ལྗོངས་ཡོད། ཟླ་བདུན་པའི་ཟླ་སྨད་ནས་ཟླ་བརྒྱད་པའི་ཟླ་སྟོད་དུ་ཁྱེད་རང་མདོ་ལ་རིང་མོའི་པང་དུ་བག་གཡེང་ངང་དགའ་སྤྲོའི་དཔལ་ལ་རོལ་དུས་མིག་མདུན་དུ་མུ་མཐའ་བྲལ་བའི་ལོག་དཀར་མེ་ཏོག་གི་ཞིང་ཁམས་སུ་ཕྱེ་མ་ལེབ་ཀྱིས་བྲོ་གར་འཁྲབ་པ་མཐོང་ཐུབ། ལོ་རེའི་དུས་སྐབས་དེར་ཡུལ་དེ་ན་མལ་ཁྲི་གཅིག་ཀྱང་ལུས་མེད། མིན་ཡོན་གྱི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་ཞིང་ཁམས་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་གནས་ཡོད་ལ། མཚོ་སྔོན་ཞིང་ཆེན་དང་ཐ་ན་ནུབ་བྱང་ས་ཁུལ་གྱི་ལོག་དཀར་ཐོན་ཁུལ་གཙོ་བོ་རེད། ཡུལ་དེའི་ལོག་དཀར་མེ་ཏོག་གི་ཞིང་ཁམས་དེ་བརྗིད་ཆགས་མཛེས་སྡུག་གི་མི་ཆོས་རིག་གནས་ཀྱི་ལྗོངས་ཁུལ་ཞིག་ཀྱང་ཡིན། ནུབ་འཇུ་ལག་ཆུ་བོའི་འགྲམ་གྱི་སྡེ་བརྒྱད་དེའུ་འབུར་དང་། ཤར་མུ་རི་ཆུ་བོ་འགྲམ་གྱི་གཡུ་ལུང་ཐང་། བྱང་ཀན་སུའུ་ཞིང་ཆེན་ས་མཚམས་ཀྱི་ཀླུ་ལུང་འགག ལྷོ་ཏ་པན་རི་བོ་བཅས་ཀྱི་བར་ཏེ་མིན་ཡོན་གྱི་ལོག་དཀར་མེ་ཏོག་ཞིང་ཁམས་ལེ་དབར་བཅུ་ཕྲག་འགའ་ལ་བསྲིངས་ཡོད་ལ་མིག་ལམ་དུ་མཐོང་བ་ཚང་མ་སེར་ལམ་ལམ་དུ་སྣང་།

ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་ཞིང་ཁམས་དེ་ནི་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་ཡིན་ལ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ལོག་དཀར་མེ་ཏོག་གི་ཞིང་ཁམས་ཀྱང་ཡིན། ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་ཞིང་ཁམས་ལྗོངས་ཁུལ་ལ་སྔ་གཞུག་ཏུ“ཀྲུང་གོའི་ཆེས་མཛེས་པའི་ལོག་དཀར་མེ་ཏོག་གི་ཞིང་ཁམས”དང“ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་།”“གོ་ལ་ཡོངས་ཀྱི་ཆེས་མཛེས་པའི་མེ་ཏོག་གི་ཞིང་ཁམས་ཆེན་པོ་བཅུའི་གྲས”སོགས་ཀྱི་མཚན་སྙན་ཐོབ་ཡོད།

མྱུར་བགྲོད་གཞུང་ལམ་ཡོད་ཅིང་མྱུར་མགྱོགས་མེ་འཁོར་རྒྱུག་བཞིན་པས། མིན་ཡོན་གྱི་ལོག་དཀར་མེ་ཏོག་གི་ཞིང་ཁམས་ལ་ལྟད་མོར་འགྲོ་འདོད་པའི་ཡུལ་སྐོར་པ་རྣམས་ལ་སྟབས་བདེ་བཟོས་ཡོད། ཀྲང་ཝུན་མྱུར་བགྲོད་གཞུང་ལམ་གྱི་མཚོ་སྔོན་ལམ་མཚམས་ཀྱི་ཁག་ཅིག་ལ་བསྐྱོད་ཆོག་པས་ཟི་ལིང་ནས་ལམ་ལ་ཆས་ཏེ་མིན་ཡོན་ལ་རླངས་འཁོར་བསྐོར་ནས་སོང་ན་དུས་ཚོད་གཅིག་ལྷག་གིས་ཐོན་ཐུབ། ལམ་བར་དུ་ཚང་ཚིང་སྟུག་པའི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བརྒྱུད་དགོས། མྱུར་མགྱོགས་མེ་འཁོར་ལ་བསྡད་ཚེ་དུས་ཚོད་ཕྱེད་ཙམ་གྱིས་ལོག་དཀར་མེ་ཏོག་གི་ཞིང་ཁམས་ཀྱི་ལྟེ་གནས་ས་རྒྱུད་དུ་ཐོན་ཐུབ། མིན་ཡོན་གྱི་མྱུར་མགྱོགས་མེ་འཁོར་ས་ཚིགས་དེ་ལོག་དཀར་མེ་ཏོག་གི་ཞིང་ཁམས་ཀྱི་དབུས་སུ་བཙུགས་ཡོད་ལ། མྱུར་མགྱོགས་མེ་འཁོར་མེ་ཏོག་གི་ཞིང་ཁམས་འཕྲེད་དུ་བཅད་ནས་རྒྱུག་བཞིན་ཡོད།

3.མཚོ་བྱང་གི་ཡུལ་ཁོངས་ཡོངས་རྫོགས་མཛེས་ལྗོངས་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་སྐུལ་འདེད་བྱས་ཏེ། ཐོན་ཁུངས་སྐྱེ་ལྡན་གྱིས་ཧྲག་སྡེབ་བྱེད་པ་དང་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས། སྤྱི་ཚོགས་མཉམ་སྐྲུན་མཉམ་རོལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤོ་བསྒྱུར་དང་རིམ་སྤར་བཅས་མངོན་འགྱུར་བྱས་པ་དང་། ལྗོངས་ཁུལ་ཡུལ་སྐོར་གྱི་རྣམ་པ་དེ་རིམ་བཞིན་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་རྣམ་པར་བསྒྱུར་བ། ཡུལ་སྐོར་སྟབས་བདེ་ནས་ཡུལ་སྐོར་ཕྱོགས་བསྡུས་སུ་བསྒྱུར་བ། གཙོ་རྒྱུག་ཡུལ་སྐོར་ནས་སྐྱེ་ཁམས་ཡུལ་སྐོར་དུ་བསྒྱུར་སྟེ། མཚོ་བྱང་གི་དོན་དངོས་དང་མཐུན་ཞིང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཡུལ་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་བསྐྱོད། ཆི་ལེན་དང་རྐང་ཚ་རྫོང་གཉིས་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དང་། མིན་ཡོན་དང་ཧེ་ཡན་རྫོང་གཉིས་ཞིང་ཆེན་རིམ་པའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ། ཨ་མྱེས་སྟོང་སོ་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བཅས་སུ་བདེ་བླག་གིས་བསྐྲུན་པ་དང་། ཧེ་ཡན་རྫོང་གི་གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་གྱི་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བྱེད་པའི་མིང་ཐོའི་གྲས་སུ་ཚུད་ལ། དུས་རབས་ཀྱི་མིག་དཔེ་དྲན་གསོ་ཁང་དེ་ཞིང་ཆེན་རིམ་པའི་གསར་བརྗེའི་ཡུལ་སྐོར་ཕུལ་བྱུང་ལྗོངས་ཁུལ་དུ་བདམས་ཐོན་བྱུང་ཡོད། །