ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཚྭ་འདམ་གཞོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་ཡུལ་འཛུགས་སྒྲུབ་བྱས་།

▲ཐའོ་སུའུ་ཡི་ས་སྲོད།
◀མཛེས་པའི་གསེར་མཚོ།
▲ལྷུང་ལྷུང་འབབ་པའི་དཔལ་ཡོན་ཆུ་བོ།
▼རྡོ་ནག་རིས་ཆུ་མཛོད།

གནས་འདི་རུ་མུ་མེད་ཀྱི་མྱ་ངམ་ཐང་དང་། གནའ་སྔ་མོའི་འཁྱགས་ཀླུང་། ཡ་ཏན་ས་དབྱིབས། ངོགས་ཡངས་ལྟེམ་ལྟེམ་འཁྱིལ་བའི་ཚྭ་མཚོ་སོགས་ཡོད་ལ། གནས་འདི་རུ་ཁོད་ཡངས་པའི་ཚྭ་ཟམ་དང་། ལིན་ཧུའུ་ཡི་དྭངས་གསལ་ཟླ་བ། མཁའ་དབྱིངས་ཨང་རྟགས་དང་པོ་སོགས་བཟོ་ལས་ཀྱི་སྲོལ་རྒྱུན་ལྷག་རོ་ལུས་ཡོད་ཅིང་། གནས་འདི་རུ་མི་རིགས36འཚོ་ཞིང་གཞེས་པ་དང་། མཉམ་དུ་རྫོགས་ལྡན་གྱི་རྒྱུན་རིང་ལོ་རྒྱུས་བསྐྲུན་ཞིང་། སྣ་མང་རིག་གནས་འདུས་ཡོད། གནས་འདི་རུ་ད་དུང་རི་དང་ཆུ། ནགས་དང་ཞིང་། མཚེའུ་དང་རྩྭ་ཐང་། བྱེ་ཐང་དང་འཁྱགས་ཀླུང་མཉམ་དུ་གནས་པའི་ཕ་ཡུལ་ཡོད་དེ། ཚྭ་འདམ་གཞོང་གི་ཕང་བ་རུ་ཁྲ་ཆིལ་དགུ་ཆིལ་དང་མཉམ་འདུས་མཉམ་འཚེང་དུ་གནས་པས། རྔམ་བརྗིད་མཐོ་སྒང་གི་ནུབ་ཕྱོགས་སུ་སྐྱེ་ཁམས་སྲུང་ཡོལ་གྲུབ་ཡོད།