ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བྱམས་བརྩེའི་གཟི་འོད་རྩྭ་ཐང་ཡོངས་ལ་ཁྱབ།

—— མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དགེ་ཡག་སྡེ་བའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་ཟུར་པ་འོད་ཟེར་རྡོ་རྗེ་ཡི་གནས་ཚུལ་བཀོད་པ།

བྱམས་བརྩེའི་གཟི་འོད་རྩྭ་ཐང་ཡོངས་ལ་ཁྱབ།—— མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དགེ་ཡག་སྡེ་བའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་ཟུར་པ་འོད་ཟེར་རྡོ་རྗེ་ཡི་གནས་ཚུལ་བཀོད་པ།འོད་ཟེར་རྡོ་རྗེ་འཚོ་གཞེས་ཀྱི་སྐབས་སུ་ཁོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏིང་ལོ་ཞང་དགེ་ཡག་སྡེ་བའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་ཡིན་པ་དང་། ལོ་ན་ལྔ་བཅུར་སོན་པའི་ཁོ་ནི་སྲོལ་རྒྱུན་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ལ། ཁོའི་ཨ་ཕ་ས་གནས་ཀྱི་རྐང་རྗེན་སྨན་པ་བྱས་ཏེ་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། དགེ་ཡག་སྡེ་བའི་རི་ལུང་ཐང་གསུམ་གྱི་འབྲོག་ཁྱིམ་དུ་སོང་ནས་འབྲོག་པ་མང་ཚོགས་ལ་སྨན་བཅོས་བྱས་པར་མ་ཟད། ཡིག་ངོ་མི་ཆོད་པའི་འབྲོག་པར་འོས་འགན་ཡིག་རྨོངས་སེལ་བའི་འཛིན་གྲྭ་བཙུགས་ནས། ས་གནས་ཀྱི་མང་ཚོགས་མང་པོའི་སེམས་ཁོང་གི་ཏང་ཡོན་བཟང་པོའི་མིག་དཔེར་གྱུར་ཡོད།ཡིག་རྨོངས་སེལ་བའི་འཛིན་གྲྭའི་སློབ་མ་པ་ལེ་ཡིས་རང་དང་སྡེ་བ་གཅིག་པའི་གྲོགས་པོ་བཟང་པོ་འདིས་དུས་རྒྱུན་དུ་བཤད་པའི་སྐད་ཆ་དེ་ཡིད་ལ་གསལ་བོར་བཟུང་ཡོད་དེ། ཁོས་བཤད་རྒྱུར།“ངའི་ཨ་ཕ་རྒྱུན་དུ་བྲེལ་འཚུབ་ཀྱིས་ཁེངས་འདུག ཉིན་གང་བོར་མའོ་ཀྲུའུ་ཞིའི་གསུང་ཚིག་མ་བཀླགས་ཚེ། སྨན་སྒམ་འཁུར་ནས་འབྲོག་ཁྱིམ་དུ་སོང་སྟེ་ཡུལ་མི་ཚོའི་ནད་ཀྱི་སྡུག་བསྔལ་བསལ་རོགས་བྱེད་ངེས། ཨ་ཕའི་མི་ཚེ་ཁྲོད་ཆེས་གཟི་བརྗིད་ལྡན་པའི་ཐོབ་ཐང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དེ་རེད། ངས་ཀྱང་ཨ་ཕ་ལྟ་བུའི་མི་ཞིག་ཏུ་འགྱུར་བར་རེ་སྙེག་བྱེད་ཀྱིན་ཡོད”ཅེས་བཤད་པ་རེད་ཟེར། ཨ་ཕས་བསྐྱུར་བའི་ཞབས་རྗེས་དེ་དེད་མཐར། 2000ལོར་འོད་ཟེར་རྡོ་རྗེ་ཡང་དགེ་ཡག་སྡེ་བའི་ཏང་ཡོན་ཞིག་ཏུ་གྱུར།མིག་དཔེ་ཡི་སྟོབས་ཤུགས་ནི་ཚད་མེད་པ་ཞིག་ཡིན། འོད་ཟེར་རྡོ་རྗེ་ཡིས་ཨ་ཕའི་ལུས་སྟེང་གི་འབྲོག་པ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པ་དང་། ཁོས་རྒྱུན་དུ་འབྲོག་པ་མང་ཚོགས་ལ་བཤད་རྒྱུར། “ཁྱིམ་ཚང་གི་དོན་དག་ནི་དོན་དག་ཆུང་ཆུང་ཡིན་པས། དཀའ་ཁག་ཇི་ལྟར་ཆེ་རུང་བསལ་དགོས་ལ། བྱ་བའི་སྟེང་གི་དོན་དག་ནི་དོན་ཆེན་ཡིན་པས། ཇི་ལྟར་ཆུང་རུང་སེམས་རྣལ་དུ་ཕབ་ནས་སྒྲུབ་དགོས། ང་རང་ཏང་ཡོན་ཞིག་ཡིན་པས་ཏང་དར་འོག་ཏུ་དམ་བཅའ་བཞག་ཡོད”ཟེར།འོད་ཟེར་རྡོ་རྗེ་ཡི་སེམས་ཁོང་ནས་བརྡོལ་བའི་ལྷག་བསམ་དཀར་པོ་དང་བཞད་གད་ཀྱི་ཉམས་དང་ལྡན་པའི་སྐད་ཆས་འབྲོག་པ་མང་ཚོགས་ལ་དགོད་ཁ་བསླངས་བྱུང་།དགེ་ཡག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་ཚེ་ཡིས་གསར་འགོད་པར་བཤད་རྒྱུར། སྡེ་བའི་ནང་གི་ལས་བྱེད་པ་མང་པོ་དང་བསྡུར་ན། འོད་ཟེར་རྡོ་རྗེ་ནི་སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ250ལྷག་གི་གནས་ཚུལ་ལ་གསལ་ཆ་ལྡན་ཞིང་། དེ་ནི་ཁོ་རང་མཐོ་སྒང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་གོམ་འགྲོས་རེ་རེ་བཞིན་སྤོས་ནས་ཡོང་བས་རེད།གནད་འཁེལ་དབུལ་སྐྱོར་བྱ་བ་མགོ་བརྩམས་པ་ནས་བཟུང་། གཞི་རྩའི་གནས་ཚུལ་ལ་རྩད་བཤེར་མཐིལ་ཕྱིན་བྱེད་པ་ནས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཐོ་འགོད་ཚོད་རྩིས་བྱེད་པའི་བར་དང་། གནོད་འགོག་ཕྱུགས་སྲུང་བྱས་ཏེ་མང་ཚོགས་ཀྱིས་བརྟན་བརླིང་ངང་དགུན་བསྐྱལ་བ་ནས་དབུལ་ཐར་བརྟན་བརླིང་མིན་པའི་ཁྱིམ་ཚང་དང་མཐའ་འཁོར་གྱི་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་ལ་བསམ་བློའི་སྣེ་ཁྲིད་བྱེད་པའི་བར་དུ། འོད་ཟེར་རྡོ་རྗེ་ཡིས་དུས་ཚོད་མང་པོ་ཞིག་དགེ་ཡག་སྡེ་བའི་འབྲོག་པའི་ཁྱིམ་དུ་བདེ་སྡུག་འདྲི་བའི་ཁྲོད་བརླགས་པ་དང་། དངུལ་སྒོར་བསྐྱིས་ནས་ཉོས་པའི་ལག་བརྒྱུད་རླངས་འཁོར་དེ་ནི་ཁོ་རང་ཁྱིམ་ཚང་སོ་སོར་བྱ་བ་བསྒྲུབ་ཏུ་འགྲོ་བྱེད་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོར་གྱུར་ཅིང་། ལོ་གཅིག་ལ་གླ་ཕོགས་སྒོར19000ཡོད་པ་དེ་ཕལ་ཆེར་རླངས་འཁོར་ལ་སྣུམ་སྣོན་བྱེད་དུ་བཀོལ་ཚར་བས། དངུལ་སྒོར་མཁོ་གལ་ཆེ་བའི་སྐབས་སུ། ཁུག་མ་སྟོང་བར་ལུས་པ་ནི་ཁོའི་རྒྱུན་རྣམ་དུ་གྱུར་ཡོད།འོད་ཟེར་རྡོ་རྗེ་ནད་ཀྱིས་བཟུང་ནས་ཚེ་ལས་འདས་རྗེས། ཞང་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣ་མཱ་ཧའེ་ཡན་གྱིས་ལོ་ཟླ་བརྒལ་ཏེ་འགྲོ་སོང་རྩིས་ཞུ་བྱེད་ཐབས་བྲལ་བའི་སྣུམ་སྣོན་དཔང་ཡིག་མཐུག་པོ་ཞིག་རྙེད་པ་དང་། དེའི་ཁྲོད་ཀྱི་དཔང་ཡིག་ཕྱེད་ཀའི་སྟེང་འོད་ཟེར་རྡོ་རྗེ་ཡི་མིང་ཐོ་བཀོད་ཡོད་པ་རེད། “སྣུམ་སྣོན་འཛིག་ཤོག་འདི་དག་ལ་བསྡོམས་པས་སྒོར་སྟོང་གཉིས་ལྷག་ཡོད་པ་དང་། ཁོ་རང་དུས་རྒྱུན་དུ་བྲེལ་འཚུབ་ཆེ་བའི་སྟབས་ཀྱིས་དུས་ལྟར་དུ་འགྲོ་སོང་རྩིས་ཞུ་བྱེད་ཁོམ་མེད་སོང་བ་རེད་ལ། གཞན་ད་དུང་ཡུལ་གཞན་ལ་གསོ་སྦྱོང་དུ་སོང་བའི་འགྲོ་གྲོན་ཡང་ཁོས་རྩིས་ཞུ་བྱེད་ཀྱིན་པ་མཐོང་མ་མྱོང་།”འོད་ཟེར་རྡོ་རྗེ་ཡིས་ཁྱིམ་དུ་བསྐྱུར་བའི་ཉིན་ཐོ་བཀླགས་པ་ན། ཉིན་ཐོའི་ནང་དུ་ཉེ་བའི་ལོ་འགའི་རིང་གི་བྱ་བའི་ནང་དོན་ཐར་ཐོར་དུ་བྲིས་འདུག་སྟེ། ཟམ་པ་དང་ལམ་ཞིག་གསོ་བྱེད་པ། ཁེར་འདུག་རྒན་པོར་འཚམས་འདྲི་བྱེད་པ། སློབ་མཚམས་བཞག་པའི་བྱིས་པ་ཡང་བསྐྱར་སློབ་གྲྭར་བསྐྱལ་བ། གད་སྙིགས་གཙང་ཕྱགས་བྱེད་པ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ། ཁྱིམ་ཚང་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ཕྱུགས་ཟོག་གི་གཟན་ཆས་བསྐྱལ་བ། རྩོད་གཞི་འདུམ་སྒྲིག་བྱེད་པ་སོགས་ཡུལ་དངོས་སོ་སོའི་ལས་སྒྲུབ་འདྲ་པར་སེམས་ཞིབ་མོས་དེའི་སྟེང་དཔར་ཞིང་། འོག་ཏུ་ཡི་གེ་ཆལ་ཆོལ་ཞིག་བྲིས་ཏེ་ཁོས་དགེ་ཡག་སྡེ་བར་བསྒྲུབས་པའི་བྱ་བ་སྣ་ཚོགས་ཁྲོད་བསྐྱུར་བའི་ཞབས་རྗེས་བཀོད་འདུགཡུལ་མི་ཚོའི་མིག་ལམ་དུ་འོད་ཟེར་རྡོ་རྗེ་ཡི་ངོ་གདོང་དང་ལུས་ནི་སྐམ་ཞིང་རིད་པར་གྱུར་རུང་། ཁོའི་གདོང་གི་འཛུམ་མདངས་ནི་ཡལ་མེད་དུ་སྣང་ཡོད། དགེ་ཡག་སྡེ་བའི་སྡེ་མི་སྟག་སེང་གིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། “མི་དེ་ནི་གཤིས་རྒྱུད་གྱོང་པོ་ཞིག་ཡིན། ས་གང་དུ་ལས་ཀ་ཡོད་ཚེ་དེར་ཁོའི་གཟུགས་བརྙན་མཐོང་ཐུབ་པ་དང་། དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་གློག་བཀར་ཡོད་ཚེ་ཁོ་རང་དེར་ཡོད་ཁོ་ཐག་ཡིན། ངས་ཁོར་ཁྱོད་ཀྱིས་ཉིན་རྒྱུན་དུ་དེ་ལྟར་ལས་སྣོན་བྱས་ཚེ་ལུས་པོས་ལྕོགས་སམ་ཞེས་དྲིས་པ་ན། ཁོ་དགོད་པ་ལས་ཅི་ཡང་མི་བཤད། མི་དེ་ནི་ནམ་ཡང་ཐང་ཆད་རྒྱུ་མེད་པ་འདྲ།”“ང་རང་ཉིད་ཀྱི་ནད་རང་ཉིད་ཀྱིས་ངོས་ཟིན་པ་དང་། དུས་ཚོད་མང་པོ་མེད་པས་ང་རང་ཕྱིར་སྡེ་བའི་ནང་སོང་སྟེ། རང་ཉིད་ད་དུང་འགྲོ་ཐུབ་པ་དང་ལས་ཀ་ལས་ཐུབ་པའི་སྐབས་འདི་དང་བསྟུན་ནས། དོན་དག་གཅིག་བསྒྲུབས་ཀྱང་བསྒྲུབ་ནི་རེད”ཟི་ལིང་དུ་མཆིན་པའི་སྐྲན་ནད་སྨན་བཅོས་བྱེད་པའི་ཉིན་དེ་དག་གི་རིང་ལ། འོད་ཟེར་རྡོ་རྗེ་ཡིས་ནམ་ཡང་དགེ་ཡག་སྡེ་བའི་ཡོད་ཚད་ཡིད་ལ་སྒོམ་ཞིང་། ཁོའི་རང་གི་བུ་ལ་རང་ཉིད་ཕྱིར་སྡེ་བར་ལོག་ནས་མུ་མཐུད་དུ་བྱ་བ་བསྒྲུབ་འདོད་པའི་རེ་འདུན་དེ་སྡེ་བར་བཤད་དུ་བཅུག2022ལོའི་ཟླ3པའི་ཚེས14ཉིན། འོད་ཟེར་རྡོ་རྗེ་ཡིས་ཟི་ལིང་ནས་ཕྱིར་མགོ་ལོག་ཏུ་ལོག་པའི་ལམ་ཧྲིལ་པོའི་རླངས་འཁོར་གྱི་འདར་འགུལ་བསྲན་ཞིང་། སྔར་མུས་ནང་བཞིན་མང་ཚོགས་ཀྱི་ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་པ་དང་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པའི་རིན་དངུལ་སྤྲད་པའི་གནས་ཚུལ་རེ་རེ་བཞིན་ཞིབ་བསྡུར་བྱས། ཡིན་ཡང་ལམ་བར་དུ་ནད་ཡམས་གློ་བུར་ཇེ་ལྗིད་དུ་སོང་ཞིང་། ཚེ་ལས་འདས་ཁར་ཡང་འོད་ཟེར་རྡོ་རྗེ་ཡིས་ད་དུང་མིང་ཐོ་དེ་ལག་ཏུ་བཟུང་འདུགའོད་ཟེར་རྡོ་རྗེ་ཚེ་ལས་འདས་པའི་གཏམ་ངན་ཐོས་འཕྲལ། སྡེ་མི་རྣམས་ཡིད་ཆེས་བྱེད་མི་འདོད་པ་དང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། ས་གནས་མང་ཚོགས་ཀྱིས་འོད་ཟེར་རྡོ་རྗེ་ཡི་བྱས་རྗེས་རང་འགུལ་གྱིས་དྲིལ་སྒྲོག་བྱས་པར་མ་ཟད། དངུལ་ཟོང་གིས་ཞལ་འདེབས་ཕུལ་བ་དང་ཁྱིམ་དུ་མྱ་ངན་ཞུ་རུ་འགྲོ་བ་སོགས་བརྩེ་བའི་ཆུ་རྒྱུན་རིང་མོའི་རླབས་ཕྲེང་དགེ་ཡག་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་འཕྱོ་ཞིང་ལྡིང་།ཏིང་ལོ་ཞང་ཏང་ཨུའི་ཧྲུའུ་ཅི་འཇིགས་མེད་དཔལ་བཟང་གིས་བཤད་རྒྱུར། ཏང་ཡོན་རེ་ནི་ཏང་དར་རེ་ཡིན་ཞིང་། འོད་ཟེར་རྡོ་རྗེ་ཡིས་རང་གི་ཚད་ཡོད་པའི་ཚེ་སྲོག་དེ་ཁ་རོག་གེར་མང་ཚོགས་ལ་གསོལ་འབུལ་བྱས་ཤིང་། ཁོའི་གཏམ་སྤྱོད་ཀྱིས“དཀའ་ཚེགས་ཆེ་རུང་འཛེམ་དོགས་མེད་པ་དང་དབྱང་རླུང་དཀོན་རུང་སྤོབས་པས་ཁེངས་པའི”བློ་རྩ་བརྟན་པོ་གསལ་བཤད་བྱས་ལ། ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འོས་འགན་ལག་ལེན་བྱས་ཏེ། དགེ་ཡག་སྡེ་བའི་མཐོ་སྒང་གི་ས་ཆུ་འདིར་འཚོ་སྡོད་བྱེད་པའི་འབྲོག་པ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་རེད། །