ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་པོའི་ལྗོངས་ཁུལ་ལ་ཡང་བསྐྱར“ཀྲུང་གོའི་བརྙན་ལེན་གསར་གཏོད་རྟེན་གཞི”ཡི་གཟི་བརྗིད་མཚན་སྙན་བསྩལ་པ།

མཚོ་སྔོན་པོའི་ལྗོངས་ཁུལ་ལ་ཡང་བསྐྱར“ཀྲུང་གོའི་བརྙན་ལེན་གསར་གཏོད་རྟེན་གཞི”ཡི་གཟི་བརྗིད་མཚན་སྙན་བསྩལ་པ།ཟླ4པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཀྲུང་གོའི་བརྙན་ལེན་པའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ནས་ལས་ཁུངས10ལ“ཀྲུང་གོའི་བརྙན་ལེན་ཕ་ས”ཞེས་པའི་མཚན་སྙན་དང་། ལས་ཁུངས30ལ“ཀྲུང་གོའི་བརྙན་ལེན་གསར་གཏོད་རྟེན་གཞིའི”མཚན་སྙན་མུ་མཐུད་དུ་སྩོལ་རྒྱུ་ཐག་བཅད་པར་མ་ཟད། ཡང་བསྐྱར་སྒོ་བྱང་སྤྲད་འདུག་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ“ཀྲུང་གོའི་བརྙན་ལེན་གསར་གཏོད་རྟེན་གཞི”ཡི་ཁྲོད་མུ་མཐུད་དུ་ཚུད་ཡོད།མཚོ་སྔོན་པོས་རང་གི་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་། ཡུན་རིང་ལ་མཚར་སྡུག་ལྡན་པའི་མི་ཆོས་ལོ་རྒྱུས་ལ་བརྟེན་ནས། བརྙན་ལེན་པ་མང་པོ་ཞིག་གི་འཚོལ་བསྡུ་གསར་རྩོམ་གྱི་ཞིང་ཁམས་སུ་གྱུར་ཡོད། 2014ལོར“ཀྲུང་གོའི་བརྙན་ལེན་གསར་གཏོད་རྟེན་གཞི”ཡི་མཚན་སྙན་བསྩལ་པའི་ཚུན་ལ། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ཀྲུང་གོའི་བརྙན་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་ལ་འཛིན་བྱང་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་པའི་གསར་གཏོད་རྟེན་གཞིའི་འོས་འགན་བསྒྲུབས་ཤིང་། “རྨི་ལམ་ཞིང་གི་མཚོ་སྔོན་པོའི”སྐྱེ་ཁམས་བརྙན་ལེན་འགྲན་སྡུར་ཆེན་མོ་བསྟུད་མར་བདེ་བླག་ངང་སྤེལ་ཏེ། མཚོ་སྔོན་པོའི་རིག་གནས་ཟོང་རྟགས་སྔར་བས་བསྐྲུན་ཅི་ཐུབ་བྱས། བརྙན་ལེན་པ་ཚོའི་སྒྱུ་རྩལ་གསར་རྩོམ་བརྒྱུད། མཚོ་སྔོན་པོའི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་དང་རིག་གནས་ཀྱི་ནང་སྙིང་ལ་སྔོག་འདོན་གཏིང་ཟབ་དང་ལེགས་སྒྲིག་བྱུང་བས། སྤྱི་ཚོགས་ཡོངས་ལ“སྐྱེ་ཁམས་ཀྱི་མཚོ་སྔོན་པོ”དང“རིག་གནས་ཀྱི་མཚོ་སྔོན་པོ”ཡི་རྨང་གཞི་དང་འགུག་ཤུགས་ལེགས་པོར་ངོམས་པ་དང་། མཚོ་སྔོན་པོའི“རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་འཁྱགས་ཀློང་བྱེ་ཐང”བཅས་ཀྱི་སྐྱེ་ཁམས་མ་ལག་ཆ་ཚང་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས་ཤིང་། སྔར་ལས་མཐོ་བའི་རིམ་པ་དང་། སྔར་ལས་རྒྱ་ཆེ་བའི་རྒྱབ་ཁོངས་ནང་མཚོ་སྔོན་པོ་དྲིལ་སྒྲོག་འོས་སྦྱོར་བྱས་པ་དང་། མཚོ་སྔོན་པོའི་གྲགས་སྐད་དང་འགུག་ཤུགས་སྔར་ལས་ཇེ་མཐོར་བཏང་བས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པར་སྣང་ཚུལ་བཟང་པོ་བསྐྲུན་ཡོད། །