ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་པ།

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་པ།

བསྟུད་མར་ཉིན་འགའི་རིང་། རང་ཞིང་གི་ས་གནས་སོ་སོས་རང་རང་ས་ནས་གཅིག་རྗེས་གཉིས་མཐུད་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་དང་གོ་བ་གཏིང་ལོན་བྱས་ལ། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། དད་མོས་ཀྱི་འོད་སྣང་གིས་མདུན་སྐྱོད་ཀྱི་བགྲོད་ལམ་ལ་ལམ་སྟོན་བྱེད་པར་སྐུལ་ལྕག་བཏང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ཏེ། མཚོ་སྔོན་གྱི་ལས་དོན་སོ་སོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འབྱུང་བའི་རྣམ་པ་གསར་པ་ཧུར་ཐག་གིས་གསར་འབྱེད་བྱས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“མཉམ་སྦྱོང་སྐོར་ཉན་སྐོར་ཞིབ”ཀྱི་བྱ་བའི་ནང་རྐྱེན་ཧུར་ཐག་གིས་གཏིང་ཟབ་ཏུ་བཏང་སྟེ། “ཏང་འཛུགས་མཉམ་སྦྱོང”གི་སློབ་སྦྱོང་ཁྱབ་རྒྱ་དང་ཟབ་ཚད་རྒྱ་བསྐྱེད་དེ། ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་ཀྱི་བཟོ་འགོད་དང་། ཏང་ཡོན་ཏང་གི་སློབ་གྲྭར་སོང་ནས་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་བྱེད་པ་བཅས་ཀྱི་ཆེད་དོན་སློབ་སྦྱོང་དང་གསོ་སྦྱོང་འཛིན་གྲྭ་ལེགས་སྒྲུབ་བྱས་པ་དང་། ཚྭ་འདམ་གཞོང་གི་འཆད་ཁྲིད་ཆེན་མོ་དང་། ཏང་ཡོན་དཔེ་ཀློག་ས་ཚིགས་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བཟང་པོ་བྱས་པ། མི་རིགས་སྐད་ཡིག་གི་སློབ་སྦྱོང་རྒྱུ་ཆ་རྩོམ་སྒྲིག་དང་དཔར་འགྲེམ་ལེགས་པོ་བཅས་བྱས་ཏེ། “ལོ་རྒྱུས་བཞི”ཡི་ཤེས་བྱ་དེ་རྒྱ་གཞས་དང་། གཤིས་བཟང་བསྙེན་བཀུར། གར་ཚིག སྨྱུག་དཀྲོལ་མགྱོགས་གཏམ་བཅས་ཀྱི་རིག་རྩལ་འཁྲབ་ཚན་གྱི་ནང་བསྒྲིགས་ཏེ། “གཞུང་ལུགས་སྒྲོག་བཤད+རིག་རྩལ་འཁྲབ་སྟོན+དྲ་རྒྱ་སྒྲོག་སྤེལ”གྱི་བྱེད་སྟངས་སྤྱོད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་དྲིལ་སྒྲོག་བྱས་ལ། ཏང་ཡོན་ལས་བྱེད་པས་ལོ་རྒྱུས་དང་དངོས་ཡོད་ཀྱི་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཚུར་ལེན་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་ཚད་ཇེ་ཆེ་དང་། མང་ཚོགས་དང་ཉེ་བཅར་ཡོང་བར་ཁག་ཐེག་ནན་མོ་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ལོ་རྒྱུས་གཙོ་ཐིག་ཏུ་འཛིན་པ་དང་། “ལོ་རྒྱུས་བཞི”གཙོ་གནད་དུ་བཟུང་སྟེ། མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། སློབ་སྦྱོང་དང་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་པར་བཏང་སྟེ། ཐེག་བྱད་སྟེགས་བུ་གསར་སྐྲུན་དང་། རོང་འབྲོག་ཁུལ་དུ་གློག་བརྙན་གཏོང་བའི་རུ་ཁག་བེད་སྤྱོད་གང་ལེགས་བྱས་ཏེ། གཞི་རིམ་དུ་སོང་ནས《ཏང་འཛུགས་པའི་རླབས་ཆེན་བྱ་གཞག》དང《རྒྱལ་ཁབ་འཛུགས་པའི་དོན་ཆེན》བཅས་ཀྱི་ཕུལ་བྱུང་གསར་བརྗེའི་བརྗོད་གཞིའི་གློག་བརྙན་གཏོང་བ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས(སའོ)ཀྱི་གཞི་རིམ་རྨང་གཞིའི་དགེ་མཚན་ཧུར་བརྩོན་གྱིས་འདོན་སྤེལ་དང་། དཔེ་ལེགས་འཐུས་མི་དང་ཏང་ཡོན་རྒན་པ་སྐུལ་སློང་བྱས་ཏེ་གཞུང་ལུགས་འཆད་པའི་སློབ་ཁང་དུ།རང་གི་མྱོང་བ་དངོས་དང་སྦྱར་ནས་ཏང་གི་གཏམ་རྒྱུད་བརྗོད་དུ་བཅུག མང་ཚོགས་ཀྱི་དགོས་མཁོ་ལ་གནད་ཁེལ་སྦྲེལ་མཐུད་དང་། དང་བླངས་ཞབས་ཞུའི་ལས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། དུས་རབས་གསར་པའི་དང་བླངས་ཞབས་ཞུའི་རུ་ཁག་སྡེ་བ་དང་ཁྱིམ་ཚང་དུ་ཕྱིན་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པར་རྩ་འཛུགས་བྱས་ཤིང་། གཞི་རིམ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི“ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག”དངོས་གནས་ཤར་བགྲོད་ཡོང་བ་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྔར་ཡོད་ཀྱི“221”གི་རྟེན་གཞི་གནའ་ཤུལ་ལ་སྲུང་སྐྱོབ་བེད་སྤྱོད་བྱེད་པའི་བཟོ་འགོད་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། རྡུལ་ཕྲན་མཁར་གྱི་རྗེས་དྲན་ཁང་དང་འགྲེམ་སྟོན་ཁང་རྙིང་པ་གསར་པར་བསྒྱུར་པ་དང་རིམ་སྤར་བསྒྱུར་བཀོད་བྱེད་པ། དྲན་གསོ་ཁང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། “མདེལ་གཉིས”ལ་མཛད་རྗེས་ཆེན་པོ་འཇོག་མཁན་གྱི་གཏམ་རྒྱུད་ཚང་མས་བཤད་དགོས་པའི་བྱ་འགུལ་སྤེལ་གྲབས་ཡོད། 《བསྐྱར་དར་གྱི་སྟོབས་ཤུགས》ཞེས་པའི་འཁྲབ་བཤད་སྙན་ཞུ་བཟོ་བ་དང་། གསར་བརྗེ་བརྗོད་གཞི་ཡིན་པའི་གཏམ་བརྗོད་ཟློས་གར་ཆུང་བ《སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད》སྒྲིག་པ་དང་། གསར་བརྗེའི་གློག་བརྙན་འཕྲིན་ཉིན་བརྒྱའི་རིང་འགྲེམ་སྟོན་བྱས་པ་དང་། དྲ་ཐོག་ནས“ཏང་དར་ལ་བསྟོད་པ”དང“ཏང་ཡོན་གྱི་གཟི་ཉམས”བཅས་ཀྱི་བརྙན་ཐུང་བཟོས་པ་དང་། “ཏང་གི་དྲིན་ཚོར་བ་དང་། ཏང་ལ་བསྟོད་གླུ་ལེན་པ།”སོགས་ཀྱི་མུ་འབྲེལ་དྲིལ་སྒྲོག་སྤེལ་གཏོང་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་བསུ་བྱེད་པ་སྟེ། མཚོ་བྱང་གི་ཡིག་གཟུགས་འབྲི་རྩལ་དང་རི་མོ་དང་བརྙན་ཕབ་བརྩམས་ཆོས་ཕྱོགས་བསྒྲིགས》རྩོམ་སྒྲིག་བྱས་པ་དང་། གསར་བརྗེའི་གཏམ་རྒྱུད་ལེགས་པར་བརྗོད་དེ། སྙིང་སྟོབས་ཁྲག་རྒྱུན་རྒྱུན་སྲུང་བྱས།(འཕྲོ་མ་པར་ངོས9པར་གཟིགས།)